| | e-texts navigator
|
305b1 མགོན་དང་། དཔུང་གཉེན་དུའང་མཐོང་ལ། འདུས་མ་བྱས་ཀྱི་ཁམས་མངོན་སུམ་དུའང་མི་བྱེད་དོ།། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་རབ་ཏུ་ཤེས་སོ།།
305b2 དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང
305b3 འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང་།
305b4 རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན
305b5 གྱིས་རྒ་ཤི་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། འཕགས་པའི་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པ་དང་། མི་མཐོང་བ་གང་ཡིན
305b6 པ་དེ་ནི་མ་རིག་པ་ཞེས་བྱའོ། ། གང་ཅུང་ཟད་ལུས་དང་། ངག་དང་། ཡིད་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་འམ། མི་གཡོ་བར
305b7 ཉེ་བར་འགྲོ་བ་འམ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བའམ། གཟུགས་ཀྱི་ཁམས་སུ་ཉེ་བར་འགྲོ་བ་འམ། གཟུགས་མེད་པའི་ཁམས་སུ་ཉེ་བར་འགྲོ་བ་དེ་དག་ནི་འདུ་བྱེད་རྣམས
iiif viewer powered by OpenSeadragon
305a - 306a