e-texts navigator
Collection
Volume
Page
Wylie

302a1 བ་གང་ཡིན་པ་དེ་བདག་མེད་པ་སྟེ། དེ་ལྟར་ཁམས་དྲུག་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན།།
302a2 གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕུང་པོ་ལྔ་རབ་ཏུ་ཤེས་སོ།། གཟུགས་ལ
302a3 ལྦུ་བ་རྡོས་པ་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། ཚོར་བ་ལ་ནི་ཆུའི་ཆུ་བུར་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། འདུ།
302a4 ཤེས་ལ་ནི་སྨིག་རྒྱུ་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། འདུ་བྱེད་རྣམ་ལ་ནི་ཆུ་ཤིང་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས
302a5 པ་དང་། རྣམ་པར་ཤེས་པ་ལ་ནི་སྒྱུ་མ་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དེ་ལྟར་ཕུང་པོ་ལྔ་ལ་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉན་ཅིང་འཛིན
302a6 བ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། ནང་གི་སྐྱེ་མཆེད་དྲུག་རབ་ཏུ་ཤེས་ཏེ། མིག་ནང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད
302a7 ཅེས་བྱ་བ་ནང་གི་སྐྱེ་མཆེད་དྲུག་པོ་དེ་དག་གོ། ། དེ་ལ་མིག་ནང་གི་སྐྱེ་མཆེད་ནོན་པའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ་དང་། འདོད་ཆགས




iiif viewer powered by OpenSeadragon

301b - 302b

Texts on this page

S11.26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo