e-texts navigator
Collection
Volume
Page
Wylie

300a1 དེ་ཆོས་རྣམས་ལ་རིན་པོ་ཆེར་འདུ་ཤེས་ཉེ་བར་གནས། ཆོས་སྨྲ་བ་རྣམས་ལ་ནི་རིན་པོ་ཆེའི་གཏེར་དུ་འདུ་ཤེས། ཆོས་ཉན་པ་རྣམས་ལ་ནི་དཀོན་པ་རྙེད་པར་འདུ་ཤེ། ཆོས
300a2 འཛིན་པ་ལ་ནི་དོན་ཡོད་པར་སྲོག་ཕྱོགས་པར་འདུ་ཤེས། ཆོས་ཀྱི་ཡོན་ཏན་མང་དུ་བྱེད་པ་ལ་ནི་སྲོག་དོན་ཡོད་པར་འདུ་ཤེས། ཆོས་ལ་ཡོངས་སུ་རྟོག་པ་ལ་ནི་ཚེ་རབས་བརྒྱར་མིག་རྙེད
300a3 པར་འདུ་ཤེས་ཉེ་བར་གནས་པ་ཡིན་ཏེ། དེ་ཆོས་དེ་དག་ཉན་ཅིང་འཛིན་ལ་མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། ཁམས་རྣམས་ཀྱང་རབ་ཏུ་ཤེས། ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་།
300a4 འཕགས་པའི་བདེན་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དུས་དང་ཐེག་པ་རྣམས་དང་། དགེ་བ་བསགས་པའང་རབ་དུ་ཤེས་སོ།། ཁམས་རྣམས་ཇི་ལྟར་རབ་ཏུ་ཤེས་ཤེ་ན།
300a5 ཁམས་ནི་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་ཤེས་བྱ་བ་སྟེ། ཁམས་གཉིས་པོ་དེ་དག་གོ། འདུས་བྱས་ཀྱི་ཁམས་ནི་གང་། འདུས་མ་བྱས་ཀྱི་ཁམས་ནི་གང་ཞེ་ན། གང་ཅིའང་རུང་སྟེ།
300a6 སྐྱེ་བ་དང་། གནས་པ་དང་། འགག་པ་འདི་ནི་འདུས་བྱས་ཀྱི་ཁམས་ཤེས་བྱའོ།། གང་ཅིའང་རུང་སྟེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པ་དེ་ནི་འདུས་མ་བྱས་ཀྱི་ཁམ
300a7 ཤེས་བྱ་སྟེ། དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་རབ་ཏུ་ཤེས་སོ།། གཞན་ཡང་ཁམས་གསུམ་རབ་ཏུ་ཤེས་ཏེ། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་།




iiif viewer powered by OpenSeadragon

299b - 300b

Texts on this page

S11.26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo