| | e-texts navigator
|
299b1 སེམས་མཉམ་པར་གཞག་པ་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི། སེམས་མཉམ་པར་གཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བ་མཐའ་ཡས་མུ་མེད་པ་ཡིན་ནོ།། ལག
299b2 བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད་བདེ་བ་དང་ལྡན་ཞིང་། ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ
299b3 བྱེད་དོ། ། ལག་བཟངས་བྱང་ཆུབ་སེམས་དཔའི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་མདུང
299b4 ཐུང་དག་གིས་བཟློག་ཀྱང་། གང་ཟག་གང་དག་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ། དོན་ཤེས་པ། བཤད་པ་ཤེས་པ། དཔྱོད་པ་ཅན། ཇི་ལྟར་ཐོས་པའི་དོན་ལ
299b5 ཡོངས་སུ་རྟོག་པ་དེ་དག་ལ་སྙན་ཅིང་སྟེན་ཏེ། བསྙེན་བཀུར་བྱེད་དོ།། དེ་ཐོས་པའི་ཆེད་དང་། བཤེད་པའི་ཆེད་དང་། དོན་གྱི་ཆེད་དང་། དོན་ལ་ཡོངས་སུ་བརྟག་པའི་ཆེད་དང་། སློབ་དཔོན
299b6 དང་མཁན་པོ་ལ་སྙེན་བཀུར་བྱ་བའི་ཆེད་ལ་གྲང་བའང་ཁྱད་དུ་གསོད། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱིས་རེག་པ
299b7 དང་གཞན་གྱིས་ངན་དུ་བརྗོད་པ། ངན་དུ་སྤྲས་ཤིང་ངན་དུ་བརྗོད་པའི་ཚིག་གི་ལམ་དང་། ལུས་ཀྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། སྲོག་འཆད་པར་འགྱུར་བའང་ཁྱད་དུ་གསོད
iiif viewer powered by OpenSeadragon
299a - 300a