e-texts navigator
Collection
Volume
Page
Wylie

298a1 དཀར་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པ་དང་། བདུན་པ་དང་། བརྒྱད་པ་ལ་བསྒྲུབས་ཏེ
298a2 གནས་སོ། ། དེས་ས་འདི་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས་ཟད་པར་སར་བསྒྲུབས་ཏེ་གནས་སོ།། དེ་ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ
298a3 དང་དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས། ཟད་པར་ཆུ་དང་། ཟད་པར་མ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ
298a4 དང་ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ནམ་མཁའ་དང་། ཟད་པར་རྣམ་པར་ཤེས་པ་བསྒྲུབས་ཏེ་གནས་སོ།། དེ་སྙོམས་པར་འཇུག་པ
298a5 ན་དགེ་བའི་རྩ་བ་ཐམས་ཅད་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་ཏེ། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་དམིགས་པ་དང་། དཀོན་མཆོགས་གསུམ
298a6 གྱི་རིགས་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་སྐུ་དང་རྒྱན་ལ་དམིགས་པ་དང་། སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལ་དམིགས་པ་དང་། སྔོན་གྱི་སྨོན་ལམ་ལ
298a7 དམིགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དམིགས་པ་དང་། འཇིག་རྟེན་རྣམ་པར་སྦྱང་བར་བྱ་བ་ལ་དམིགས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་བཀོད་པ་ལ་དམིགས




iiif viewer powered by OpenSeadragon

297b - 298b

Texts on this page

S11.26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo