e-texts navigator
Collection
Volume
Page
Wylie

297b1 རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོམ་པའི་སྐྱེ་མཆེད་དང་པོ་བསྒྲུབས་ཏེ་གནས་སོ།། དེ་ནང་གཟུགས་སུ་འདུ་ཤེས
297b2 པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པ་བསྒྲུབས་ཏེ་གནས་སོ།། དེ་ཤི་བའི་ལུས
297b3 བསྲེགས་པ་དེ་ལ་རླུང་ངམ། ཆུས་ཐལ་བའང་མེད་པར་བྱེད་པའི་འདུ་ཤེས་དང་། ཞིགས་པ་ལ་ཕྱེ་མའང་མེད་པ་དང་། རྡུལ་དུ་གྱུར་པ་ལ་རྡུལ་ཡང་མེད་པའི་འདུ་ཤེས་སུ་རྣམ་པར་འཇིག་པ
297b4 བསྒོམས་ཤིང་བསྒྲུབས་ཏེ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟངས་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི
297b5 སྐྱེ་མཆེད་གསུམ་པ་བསྒྲུབས་ཏེ་གནས་སོ། ། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ
297b6 བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པ་བསྒྲུབས་ཏེ་གནས་སོ། ། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན
297b7 མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པ་བསྒྲུབས་ཏེ་གནས་སོ། ། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་དང་། དམར་པོ་དང་།




iiif viewer powered by OpenSeadragon

297a - 298a

Texts on this page

S11.26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo