| | e-texts navigator
|
309a1 ཚོགས་དོན་འབྱོར་གྱུར་ཅིང་། ། དོན་ཐུབ་ཚོགས་ཀྱང་གྲུབ་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་མ་རྣམས་དང་།། ནགས་ཚལ་བཅས་པ་རབ་གཡོས་ནས།། སེམས་ཅན་ཐམས་ཅད་རབ་དག་འདེས།། ཁྱེད་ལ་བདེ་ལེགས
309a2 མཛད་པར་འགྱུར། ། བྱང་ཆུབ་སྙིང་པོར་གང་ཞིག་གིས།། ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་གསུངས་པ་གང་།། ཐུབ་པར
309a3 གྲགས་པ་འབྱུང་བ་དེས། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།། ཚོགས་ཀུན་དབང་དུ་མཛད་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སངས་རྒྱས་ཁྱེད་ལ་བདེ་ལགས
309a4 མཛང་། ། བརྒྱ་བ་ནི་ལྟར་བཅས་པ་དེ་ལེགས་དང་།། འབྱུང་བ་ཀུན་གྱི་བདེ་ལགས་ནི།། ཁྱེད་ལདུས་ཀུན་སྦྱིན་གྱུར་ཅིག།། སངས་རྒྱས་བསོད་ནམས་མཐ~ཾ་དག་དང་།། ལྷ་རྣམས་ཀྱིས་ནི་བསམས་པ་ཡིས།། ཁྱེད་ཀྱི་དོན་འདོད་གང་ནིགདོན་དདེ་རིང་ཐུབ་གྱུར་ཅིག།
309a5 གང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། གང་བ་ནི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བ་དེ་ལེགས་ཤོག། ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མའི་གུང་ལའང་བ་དེ་ལེགས་ཤིང་།། ཁྱེད་རྣམས་ཀུན
309a6 དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།། སྔང་སེམས་ལྡན་པ་རྣམས་བྱེར་ཅིག། སྙིང་རྗེ་བདག་ཉིད་ཅན་རྣམས་འཁོར།། སངས་རྒྱས་རང་སངས་རྒྱས་རྣམས
309a7 ད་། དགྲ་བཅོམ་སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདི་ནི་གཏེར་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་ན་མེད་གྱུར
309a8 ཅིག། ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྕགས་གྱུར་ཅིང་།། ས་འམ་འོན་ཏེ་བར་སྣང་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།། ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག།
iiif viewer powered by OpenSeadragon
308b - 309b