e-texts navigator
Collection
Volume
Page
Wylie

303a1 པས་མཛད་པའི་མར་མའི་སྨོན་ལམ་གྱི་མདོ། རྫོགས་སྒོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གསེར་འོད་དམ་པའི་རྔ་ཅན་སྒྲ་ཡིས་ནི།། སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན།། ངན་སོང་སྡུག་བསྔལ་ག་ཤིན་རྗེའི་སྡུག་བསྔལ
303a2 དང་། དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག། ཇི་ལྟར
303a3 འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། ། འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར།། སྐྱེ་དགུ་ཏིད་འཛིན་བྱང་ཆུབ་ཡན་ལག་གི། ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོ་གྱུར།། རྔ་བོ་ཆེ་ཡི་སྒྲ་སྐད་དེ་ཡིས་ནི།། སེམས་ཅན་ཐམས་ཅད་ཚངས་པའི་སྒྲ་ལྡན་གྱུར།།
303a4 སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེག་ཤོག། ཆོས་ཀྱི་འཁོར་ལོ་དགེ་བསྐོར་གྱུར་ཅིག། བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག། འགྲོལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག། ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས
303a5 ཞེ་སྡང་གཏི་མུག་ཞི་གྱུར་ཅིག། སེམས་ཅན་གང་དག་ངན་སོངསར་གནས་ཏེ།། རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ།། དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག། སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཟོས་ཤོག། སེམས་ཅན་ཀུན་གྱིས་ཚེ་རབས་བརྒྱ་དག་དང་།
303a6 ཚེ་རབས་སྟོང་ཕྲག་བྱེ་བར་སྟེ་དྲན་ཤོག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང་།། དེ་དག་གི་ནི་རྒྱ་ཚན་གསུང་ཐོས་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར།། སྡིག་པའི་ལས་རྣམས་རྣམ་པར་སྤོང་ཤོག། བྱ་བ
303a7 དགེ་བ་རྣམས་ནི་སྤྱོད་གྱུར་ཅིག། མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི།། དེ་དག་བསམ་དང་སྨོན་ལམ་གང་ཡིན་པ།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། དེ་དག་རྣམས་ཀྱི་དེ་ཀུན་རྫོགས་གྱུར་ཅིག། སེམས་ཅན་གང་དག་སེམས་དམྱལ་མི་བཟང་སྐྱེས།། ལུས
303a8 ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། ། སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ།། མེ་རྣམས་མ་ལུས་རབ་ཏུ་ཞི་བར་ཤོག། སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན།། སེམས་ཅན་སྡུག་བསྔལ་མི་བཟང་དྲག་པོ་གང་།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། དེ




iiif viewer powered by OpenSeadragon

302b - 303b

Texts on this page

Q1041 - rgyal po gser gyi lag pa'i mar me'i lo rgyus dang smon lam gyi mdo
Q1042 - 'phags pa gser 'od dam pa mdo sde'i dbang po'i rgyal po las gsungs pa'i smon lam