| | e-texts navigator
|
302b1 xxx། xxx
302b2 གཤེགས་པ་ད་ག་ད་ག་བྱད་མ་མ་རྟེན་པར་མས་པཔ་ཅ་ནས་ཅན་གྱི་མས་སུ་མྱེ་བ་བྱུ་། ། གཞན་ཡང་། ག་ང་གྀ་གས་པ་ང་བྱུང་། པ་ག་ག་སེ
302b3 པ་ཐོས་ཏེ་གཏོང་བ་ཐོ་དང་ལྡནན་ནམ་མཁའ་ལྡིང་གིས་འཇིགས་པ་དང་། མེ་དང་། བྱི་ཅན་ལསགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ནས། སང་ས་རྒྱས་དང་། ཆོས་དང་། དགེ་ལྡན་ལ་སྦྱངས་སུ་འགྲོནང་བྲེག་འཆ་བའི་ན་གནས་ཅི
302b4 སྙིང་ལ་གནས་ནས་ཀླུ་རྣམས་འདོད་པའི་ཡོན་ཏན་དང་ལྡན་པར་བྱུར་ཅིག། མར་མོ་འདི་ལྟོ་འབྱེ་ཆེན་པོའི་གནས་སུ་སྣང་ནིང་གསལ་བར་གྱུར་ཅིག། དེས་ལྟོ་ཕྱེ་ཆེན་པོའི་སྡུག་བསྔལ་ནི་ནས་དགའ་བ་རྒྱ་མཚོརྣམ་པར་འཕྲུལ་བའི་ཐུགས་དང་ལྡན་པར་བྱུ་ན།
302b5 མར་མེ་འདིས་འཛམ་བུའི་གླིང་གི་སྤྱིར་གནས་པའི་ས་བདག་དང་། ལྷ་དང་། ཀླུ་དང་། ས་བདག་གི་རྒྱལ་པོ་པི་ཏི་ལི་དང་། སའི་རྒྱལ་མཚན་མོ་དང་། རྒྱ་མཚོ་ཆེན་པོ་དང་། མཚོ་བྲན་དང་། རྫིང་དང་། ཁྲོན་པ་ལ་གནས་པ་དང་། ཀླུང་ཆེན་པོ་དང་། ཀླུང་ཕྲ་མོ་དང་། ཆུ་མིག་དང་།
302b6 ལུ་མ་ལ་གནས་པ་དང་། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང་། རི་ནག་པོ་དང་། གཡའ་དང་། ཤ་སྲང་དང་། སྤང་རི་དང་། ནགས་ཆེན་པོ་དང་། ཤིང་གཅིག་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། གྲོང་ཁྱེར་དང་། ལྗོངས་ན་གནས་པའི་གནས་སུ་སྣང་ཞིང་།
302b7 གསལ་བར་གྱུར་ཅིག། དེ་དག་སོ་སོའི་འཁྲུལ་པའི་རྟོག་པ་ཐམས་ཅད་བྱང་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་ནས་ཐར་པ་ཐོབ་པའི་རྒྱུར་གྱུར་ཅིག། དེ་ལྟར་དེང་མར་མེ་འདིའི་ཡོན་བདག་གིས་ཀྱང་གཏན་པ་མེད
302b8 བའི་མཆོད་པ་འདི་ཕུལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག། རྒྱལ་པོ་གསེར་གྱི་ལག
iiif viewer powered by OpenSeadragon
302a - 303a