| | e-texts navigator
|
302a1 འདོད་ཁམས་ཀྱི་ལྷ་རྣམས་ཀྱང་ལྷའི་འདོད་པའི་ལོངས་སྤྱོད་ལ་སེམས་མཆགས་ཤིང་རང་གི་སེམས་ལ་ལྷ་ཞིང་བསམ་གཏན་བཞི་རིམས་ཀྱིས་སྟོབས་པར་འཇུག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། མར་མོ་འདི་ལྟམ་ཡིན་རྣམས་ཀྱི་གནས་སུ་སྣང
302a2 ཞིང་གས་པར་གྱུར་ཅི། ། ལྷམ་ཡིན་གྱིང་རྒྱལ་དང་། སྲོག་ཏུམ་དང་སེམས་ཅི་གདུག་བཞིན་ས་ཚད་མེད་པ་པཞི་དང་ལྡནནས་ནི་གནས་ཀྱིསེམས་ཡང་ལ་བྱེད་པ་དང་ལྡན་པར་གྱུ་ཙག། ཡང་མེ་འདི་གླིང་ན་མ་རྣམས་ཀྱི་གནས་སུ་སྤང་ན་གསཔ
302a3 གྱུར་ཅིག། ། གླིང་བཞིའི་མོ་རྣམས་ཀྱང་སྡུག་བསྔལ་བརྒྱད་ལས་ཐར་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག། མར་མེའི་དབྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག། རྒྱལ་སོང་དེ་དག་གཅིག་ལ་གཅིག་ཟ་བ་དང་།
302a4 བརྡེག་བརྡུད་དང་། གསད་པ་དང་། བཀོལ་བའི་སྡུག་བསྔལ་དང་། ཐུན་རྨོངས་ལས་ཐར་ནས་ཤེས་རབ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག། མང་མེ་འདི་གཤིན་རྗེ་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག། གཤིན་རྗེ་རྣམས་གསོད་གཅོད་བྱེད་པ
302a5 དང་། བརྡེག་བརྡུང་གི་ལས་ལས་ཐར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་གཏོང་བའི་སེམས་འབྱུང་བར་འགྱུར་ཅིག། མར་མེ་འདི་བྲེ་ཏའི་གནས་སུ་གསལ་བར་གྱུར་ཅིག། པྲེ་ཏ་རྣམས་ཀྱང
302a6 བ་ཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཟས་དང་སྐོམ་གྱིས་ཕོངས་པ་རྣམས་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དང་ལྡན་པར་གྱུར
302a7 ཅག། མར་མེ་འདི་ན་ར་ཀ་རྣམས་ཀྱི་གནས་སུ་གསལ་བར་གྱུར་ཅིག། ན་རཀ་ནི་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་བྱིན་གྱི་རླབས
302a8 ཀྱིས་དམྱལ་བའི་སྡུག་བསྔལ་ཚད་མེད་པ་ལས་ཐར་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག། མར་མེ་འདིས་འཛམ་བུའི་གླིང་གི་ཕྱི་རོལ་མུན་ནག་གི་ནང་ན་འཐོམས་པའི་སེམས་ཅན་རང་གི་ལག་པ་གཡས་པ་བརྐྱང་བ་ཡང་མི་མཐོང་བའི་གནས
iiif viewer powered by OpenSeadragon
301b - 302b