e-texts navigator
Collection
Volume
Page
Wylie

301b1 ཏིལ་མར་བཞིང་དུ་བཅོས་པ་སྟོང་བཙུགས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་གཏན་པ་མེད་པའི་མཆོད་པར་ཕུལ་བས་ད་ལྟར་ང་ཉིད་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་གྱུང་བ་ཡིན་ནོ་ཞེས་གསུངས་པ་དང་། དེལ་རྒྱལ་བཔོ་ཆེན་པོ་ཤིན་ཏུ།
301b2 ཡིད་ངས་ཏེ། དེ་ནས་རྒྱལ་པོ་དེས་རང་ག་ལེག་པ་གཡས་པ་རས་པས་ཏིས་མང་ཀྱིས་བཅོས་པས་དཀྲིས་ཏེ་མེ་བཏང་ནས་ལག་པ་གཡོན་པ་པར་སྣང་ལ་བརྒྱང་སྟེ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བདག་གི་སྲིན་པ་བཅོམ་ལྡན་འདས་པ་སེམཛ
301b3 དགོངས་སུ་གསོལ་ལོ། ། འགྱོད་པ་མེད་པའི་སེམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ། གཏན་པ་མེད་པའི་མཆོད་པར་བསྔོས་ནས་སྨོན་ལམ་འདེབས་ཏེ། འདི་སྐད་དུ།། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ
301b4 འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག། སྙིང་པོ་ནི་རིའི་རྒྱལ་པོ་རི་རི་བ་ཙམ་དུ་གྱུར་ཅིག། འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ནས། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་གི་ལས་ཀྱི་སྒྲིབ་པས
301b5 བསྒྲིབས་པའི་མུན་ནག་ཆེན་པོའི་ནིང་ན་རང་གི་ལག་པ་བརྐྱང་བཏུམ་ཡང་མི་མཐོང་བའི་གནས་ཚུན་ཆད་སྣང་ཞིང་གསལ་བར་གྱུར་ཅིག། ཡུན་ནི་དུས་གསུམ་གྱི་སངས་རྒྱས་དེ་སྲིད་པ་ཞུགས་པ་དེ་སྲིད་དུ་གནས་པར་གྱུར་ཅིག། གྲངས་ནི་ཕྱོགས་བཅུ་འཇིག་རྟེན་གྱི
301b6 ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངས་མེད་པ་རེ་རེའི་སྦྱིན་ལམདུགས་ལ་པར་གྱུར་ཅིག། མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞི་གསལ་པར་གྱུར་ཅིག། དེ་ལྟར་གས་ལ་པའི་མོད་ལ་གཟུགས་མེད་པའི་སྒྲ་རྣམས་མར་མེའི་འོད་ཅེས
301b7 པས་མ་ཅ་ད་ང་ནས་མས་པ་པ་ཀྱི་མེད་རྣ་དེ་བཞིན་གཤེགས་པའི་མམས་པ་པ་ནས་པ་དང་ནཔ་ཀྱང་། ། མང་མི་འདིག་པན་བྱུ་པ་རྣནས
301b8 ཀྱི་གནས་སུ་གསལ་བར་གྱུར་ཅིག། གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་གྱིས་དགའ་བ་དེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག། མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག།




iiif viewer powered by OpenSeadragon

301a - 302a

Texts on this page

Q1041 - rgyal po gser gyi lag pa'i mar me'i lo rgyus dang smon lam gyi mdo