| | e-texts navigator
|
299a1 བདག་རློབ་ཅིང་། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས།། བསྟོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།། བདག་གི་དགེ་བའི་རྩ་བ་དི་ཀུན་ཀྱག། བཟང་པོ་སྤྱོད་ཕྱིང་རབ་དུ་བསྔོབར་བགྱི།། བདག་ནི་འཆེ་ཅིའི་དུས
299a2 ན། སྒྲིབ་པ་ཐམས་ཅད་དག་ན་ཕྱིར་བསལ་ཏེ།། མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས།། བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ།། དེང་སོ་ནཔ་ནི་སྨོ་ལ་འདི་དག་ཀྱང་།། ཐམས་ཅད་མབས་མངོན་སུམ་འགྱུར་བར་ཤོག། དེ་དག་མ་ལུས་བདག་གས་ཡོངས་སུ
299a3 བསྐབ་འཇིག་རྟེན་ཇི་སྙེད་སེམས་ཅན་ཕན་པར་བགྱི། ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། པད་མ་དམ་པ་ཤིན་དུ་མཛེས་ལས་སྐྱེས།། སྣང་བ་མཐའ་ཡས་རྒྱལ་ལས་མངོན་སུམ་དུ།། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག། དེར
299a4 ནི་བདག་གིས་ལུང་སྟན་རབ་ཐོབ་ནས། ། སྤྲུལ་པ་མང་པེ་བྱེ་བ་ཕྲག་བརྒྱ་ཡིས།། བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་།། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི།། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས།། དགེ་བ་ཅུང་ཟད་བདག་གིས
299a5 ཅི་བསགས་པ། ། དེས་ནི་འགྲོ་བའི་དགེ་བའི་སྨོན་ལམ་རྣམས།། སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་པར་ཤོག། བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡིས།། བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས།། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ
299a6 རྣམས། ། འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག། སྨོན་ལམ་རྒྱལ་པོ་འདི་མཆོག་གཙེངས་ནི།། འགྲོ་བ་མཐའ་ཡས་ཀུན་ལ་ཕན་བྱེད་ཅིང་།། ཀུན་དུ་བཟང་པོས་བརྒྱན་པའི་གཞུང་གྲུབ་ཅིང་།། ངན་སོང་རྒྱུད་གས་མ་མ་ལུས་སྟོངས་པར་ཤོག།
299a7 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། རྫོགས་སྷོ།། །། འཕགས་པ་བྱམས་པའི་སྨོན་ལམ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། དྲང་སྲོང་ལྷྭ་མགེ་ལྡན་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་དང་ཡང་།། ཉན་ཐོས་རྣམས་ལ།
299a8 ཕྱག་འཚལ་ལོ།། ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང་།། མཐོ་ས་ལམ་ནི་རབ་སྟོན་ལ།། རྒ་ཤི་མེད་པར་འདྲེན་བགྱིད་པ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་དབང་དུ་གྱུར་པས་ན།། བདག་གིས་སྡིག་པ་ཅི་བགྱིས་པ། སངས་རྒྱས་སྤྱན་སྔར
iiif viewer powered by OpenSeadragon
298b - 299b