e-texts navigator
Collection
Volume
Page
Wylie

298b1 བསྐལ་པ་ཀུན་ཏུ་མི་སྐྱོ་བོར། ། དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི།། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག། ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག། སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་།། དེ་དག་ཝ་ལ་པ་ཐམས་ཅད་འཚལ་བར་བརྒྱ།།
298b2 ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར།། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ།། དེ་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ།། བདག་གི་སྨོན་ལམ་མཐའ་ཡས་དེ་ཙམ་མོ།། གང་ཡང་ཕྱོགས་བཅུའི་ནིང་རྣམས་མཐའ་ཡས་པ། རིན་ཆེན་བརྒྱན
298b3 རྒྱམ་བ་རྣམས་ལ་ས། ། སྭ་དང་མི་ཡི་བདེ་པ་མཆོག་རྣམས་ཀྱང་།། ནིང་གདུམ་སྙེད་པནལ་པར་དུལ་བབས།། གང་གིས་བསྲོབའི་རྒྱམ་པོ་ས་ནས།། བྱུང་ཆུབ་མ་ཆོག་རྗེས་ས་བཐོས་ཤིང་།། ལན་ཅག་ལ་ཡང་ད་པ་སྐྱེད་པ།
298b4 བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ།། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ།། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར།། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན།། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་།། དེ་དག་རྙེད་པ
298b5 རབ་རྙེད་བདེ་བར་འཚེ། ། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས།། ཀུན་དུ་བཟང་པོ་དེ་ཡང་ཅི་འདྲ་བར།། དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར།། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས།། གང་གིས་མི་ཤེས་དབང་གིས་བྱས་པ་དག། དེ
298b6 ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་།། རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར།། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ།། འཇིག་རྟེན་གསུམ་པོ་ཀུན
298b7 ནའང་མཆོད་པར་འགྱུར། ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ།། སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ།། བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་སྐོར།། བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་འདུལ།། གང་ཡང་བཟང་པོ་སྤྱོད་པའི་སྨོན
298b8 ལམ་འདི། ། འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི།། དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན།། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བོ་དང་།། ཀུན་དུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་གི་ནི་རྗེས་སུ




iiif viewer powered by OpenSeadragon

298a - 299a

Texts on this page

Q1038 - 'phags pa bzang po spyod pa'i smon lam gyi rgyal po