| | e-texts navigator
|
81a1 གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ། ། མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར
81a2 རིག་ནས་ཀུན་འབྱུང་ཚེར་བ་རྣམས་རྣམ་པར་ཐུག་སུ་ཆུད་ནས་འདི་ནི་སྡུག་བསྔལ་འདི་ནི་སྡུག་བསྔལ་ངས་པར་འབྱིན་པའོ་ཞེས་བྱ་བར་མཁྱེན་ཏོ། ། དགེ་སློང་དག་གང་དག་ཆོས་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བར་སྔ་མ་བཞིན་ནོ།། དགེ
81a3 སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ནས་དེ་དག་གང་ཞེ་ན་ཞེས་བྱ་བའི་བར་དུ་ནི་སྔ་མ་བཞིན་ནོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་མཐའ་ཡོད་པ་མཐའ་མེད་པ་བྱ་སྟེ། བདག
81a4 དང་འཇིག་རྟེན་ནི་མཐའ་ཡོད་པ་འང་མ་ཡིན་མཐའ་མེད་པའང་མ་ཡིན་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དག་ཡོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ།། དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅིལ
81a5 གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་མཐའ་ཡོད་པ་དང་མཐའ་མེད་པ་སྟེ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའང་ཡིན་མཐའ་མེད་པའང་ཡིན་ཞེས་མངོན་པར་སྨྲ་ནིང་མངོན་པར་བརྗོད་པ་ནི་འདི
81a6 ལྟ་སྟེ། གཞི་བཞི་པོ་དག་ལའོ།། དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་དགོན་པ་ན་གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱང་རུང་ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་འབྱུང་བ་དང་སྤོང་བའི་རྒྱུ
81a7 ལས་འབྱུང་བ་དང་། སྒོམ་པའི་རྒྱུ་ལས་འབྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་འབྱུང་བ་དང་ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་འབྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ།། དེ་ལྟར་སེམས་མཉམ
81a8 པར་བཞག་པ་ན་འཇིག་རྟེན་ལ་མཐའ་ཡོད་པའི་འདུ་ཤེས་ཅན་དུ་གནས་སོ། ། དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་མཐའ་དང་ལྡན་པ་དེའི་ཕྱིར་དེས་ན་བདག་ནི་འདི་སྙམ་དུ་འཇིག་རྟེན་ནི་མཐའ་དང་ལྡན་ཞིང་ཡོངས་སུ་ཆད་པས
iiif viewer powered by OpenSeadragon
80b - 81b