e-texts navigator
Collection
Volume
Page
Wylie

80a1 འདི་ནི་གཞི་བཞི་པའོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་བ་ཅིག་སྔོན་གྱི་མཐའ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལ་སྟེ། དེ་ལས་མི་ལྡན
80a2 མི་མངལ་དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་དག་ནི་སྔ་མ་བཞིན་ནོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟ་བ་པང་སྣང་བ
80a3 ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས། ། མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པར་སྨྲ་ཞིང་བརྗོད
80a4 བར་བྱེད་དོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་མོས་ཀྱང་དེ་བཞིན་གཤེགས
80a5 པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞི་སྟན་པང་སྒྲ་ཞིང་བརྗོད་པ་བྱེད་པ་གང་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་ཏོག་ཅིང་རྒྱུ་མེ་པང་འབྱུང་སྟེ། བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་ངོ་ཞེས
80a6 མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཡོད་པ་ནི་འདིས་སྡེ་བཞི་གཉིས་པོ་ལའོ། ། དགེ་སྦྱོང་དག་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལག་ནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅང་རྒྱུ་མེད་པར་འབྱུང་བ་སྟེ། བདག་དང
80a7 འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་བའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་འདི་ལྟ་སྟེ། གཞི་གཉིས་པོ་དག་ལའོ།། དགེ་སློང་དག་གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་འདུ་ཤེས་འགྱུར
80a8 ཕྱིར། སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོ་བར་འགྱུར་རོ།། ཇི་སྟེ་སེམས་ཅན་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས། འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ཞེས་བྱ་བ་ནས་སྔོན་འདུ་ཤེས་འབྱུང་བར་ཡང་དག་པར




iiif viewer powered by OpenSeadragon

79b - 80b

Texts on this page

Q1021 - tshangs pa'i dra ba'i mdo