| | e-texts navigator
|
79b1 རྣམ་པར་མི་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་མོ།། ཡང་བདག་ཅག་ནི་ཤིན་ཏུ་རྩེ་དགའ་རངས་པ་དང་ལྡན་པའི་སེམས་ཀྱིས་གནས་པས་བདག་ཅག་ནི་མི་རྟག་པའོ།། མི་རྟེན་པའོ།། ཐེར་ཟུག་པ་མ་ཡིན་པའོ།། ཡང་བརྟན་དུ་མི་རུང་བའོ།།
79b2 རྣམ་པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། དེ་ལྟར་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། འདི་ནི་གཞི་གསུམ་པའོ།། བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས
79b3 ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷ་ཡིད་འཁྲུག་ཅེས་བྱ་བ་དག
79b4 ཡོད་དེ། དེ་དག་གང་གི་ཚེ་ཤིན་དུ་མིག་གིས་མིག་ཚུགས་སུ་ལྟའོ།། དེ་དག་ཤིན་དུ་མིག་གིས་མིག་ཚུགས་སུ་ལྟ་བ་ན། ཡིད་འཁྲུག་ཅིང་ཡིད་ཁྲོས་པས་སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོས་པར་འགྱུར་རོ།། ཇི་སྟེ་སེམས་ཅན་འག།
79b5 ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ནི་ཞེས་བྱ་བ་ནས་སྔོན་གྱི་ལུས་ཡང་དག
79b6 པར་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་ན་གང་ལྷ་ཡིད་འཁྲུག་ཅེས་བྱ་བ་དེ་དག་གི་ནང་ནས། གང་དག་མིག་གིས་མིག་ཚུགས་སུ་ཤིན་ཏུ་མི་ལྟ་བ་དེ་དག་ནི་རྟག་པའོ།། བརྟན་པའོ།
79b7 ཐེར་ཟུག་པའོ།། མི་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། ཡང་བདག་ཅག་ནིམིག་གིས་མི་ཚུགས་སུ་ལྟ་བ་དང་ལྡན་པས་བདག་ཅག་ནི་མི་རྟག་པའོ།། མི་རྟེན་པའོ།། ཡད་བརྟན་དུ་མི་རུང་བའོ།། རྣམ་པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། དེ་ལྟར
79b8 ན་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་སྟག་པ་བྱ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ
iiif viewer powered by OpenSeadragon
79a - 80a