| | e-texts navigator
|
79a1 ཡ། ། དེ་ནི་རྟག་པའོ།། བརྟན་པའོ།། ཐེར་ཟུག་པའོ།། རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པའོ་སྙམ་མོད་ལྟར་བ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟི། ཅིལ་རྟེན་ཅིང་ཅིལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ
79a2 ཅིག་ནི་རྟག་པ་བསྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་གཉིས་པའོ།། གསུམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་ཅིལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས
79a3 སྔོན་གྱི་མཐུལ་ཅིང་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ལཅིག་རྟག་གོ་ཞེས་དོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་ཞེས་བྱ་བ་དག་ཡོད་དེ།། དེ་དག་གང་གི་ཚེ་ཤིན་ཏུ
79a4 རྩེ་དགའ་རངས་པ་དང་ལྡན་ཞིང་འཁོད་དེ་རྩེ་དགའ་རངས་པ་དང་ལྡན་པའི་སེམས་ཅན་དེ་དག་གི་ནང་ནས་ལུས་དུབ་ཅིང་དྲན་པ་རྨོངས་ལ། དྲན་པའི་སེམས་ཅན་གནས་དེ་ནས་ཤི་འཕོས་ནས་འགྱུར་རོ།། འདི་ལྟ་སྟེ་སེམས་ཅན་འགའ་ཆེ་ཟད
79a5 ཅིང་ལས་ཟད་ལ་བསོད་ནམས་ཟད་པ་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ན་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བསྐོས་ནས། ཡང
79a6 དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། དེ་དགོན་པ་ན་གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ
79a7 ལས་འབྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་འབྱུང་བ་དང་ཡང་དག་པ་ཡིད་ལ་བྱེད་པ་དག་གི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ།། དེ་ལྟར་མཉམ་པར་བཞག་པ་ན་སྔོན་གྱི་ལུས་དེ་ཡང
79a8 དག་པར་རྗེས་སུ་དྲན་ནོ། ། དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་ན་གང་ལྷ་རྩེད་མོས་མྱོས་ཞེས་བྱ་བ་དག་གི་ནང་ནས་གང་དག་རྩེ་དགའ་རངས་པ་དང་། ཤིན་དུ་མི་ལྡན་པར་འཁོད་དེ་དེ་དག་ནི་རྟག་པའོ།། རྟན་པའོ།། ཐེར་ཟུག་པའོ།།
iiif viewer powered by OpenSeadragon
78b - 79b