e-texts navigator
Collection
Volume
Page
Wylie

78b1 བ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་དད་པའོ།། གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ
78b2 སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་བ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་ག་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ། ཚངས་པ་དེའི་ལྟ་བ་ནི་འདི་ལྟ་བུའོ།། སྨྲ་བ་འདི་ལྟ་བུས་འདི་སྐད་ཅེས་བརྗོད
78b3 པར་བྱ་སྟེ། ས་དང་ཆུ་དང་མེ་དང་རླུང་དེ་ནི་མི་རྟག་པམི་རྟེན་པ་ཡིད་བརྟན་དུ་མི་རུང་བ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཞེས་བྱ་བའམ་མིང་ཅེས་བྱ་བའམ་རྣམ་པར་ཤེས
78b4 བ་ཞེས་བྱ་བ་དེ་ནི་བརྟག་པ་བརྟན་པ་ཐེར་ཟུག་པ་རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་ནོ། ། ཡང་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་པ་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང
78b5 རྒལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ནི་སྲ་དང་ལ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཉིད་ཀྱི་དད་པས་ཀྱི་མནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་དགོན་པ་ན
78b6 གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱི་རུང་ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་ལན་མང་དུ་བྱས་པའི་རྒྱུ་ལས་བྱུང་བ་དང་ཡང་དག་པ་ཡིད་ལ
78b7 བྱེད་པའི་ཆུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་ལ་རེག་པར་བྱེད་དོ། ། དེ་ལྟར་མཉམ་པར་བཞག་པ་དང་དེ་འདི་སྙམ་དུ་སེམས་ཏེ། ཚངས་པ་དེ་ནི་ལྟ་བར་གྱུར་པ་ཉམས་སུ་མྱོང་བའི་ཕྱིར་འདི་སྐད་ཅེས་བྱ་སྟེ། ས
78b8 དང་ཆུ་དང་མ་དང་དྲུང་ནམ་རྟག་པའོ། ། མིཉན་པའོ།། ཡིད་བརྟན་དུ་མི་རུང་བའོ།། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་ལ། ཡིད་འདི་སྐད་ཅེས་བྱ་སྟེ། སེམས་ཞེས་བྱ་བའམ་ཡིད་ཅེས་བྱའམ་རྣམ་པར་ཤེས་པ་ཞེས་བྱ་བ




iiif viewer powered by OpenSeadragon

78a - 79a

Texts on this page

Q1021 - tshangs pa'i dra ba'i mdo