e-texts navigator
Collection
Volume
Page
Wylie

78a1 ལས་འདས་ནས་སྲེད་པ་སྐྱེས་ཤིང་མི་དགའ་བར་གྱུར་ཏེ། ཀྱེ་མ་བདག་དང་བསྐལ་པ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་སྙམ་ནས། སེམས་ཅན་དེས་དེ་ལྟར་སེམས་ཀྱིས་སྨོན་པ་དང་།
78a2 འདིར་བདག་ཅག་སེམས་ཅན་དེ་དང་སྐལ་པ་མཉམ་པར་སྐྱེས་པ་ལས་ན་བདག་ཅག་ནི་སེམས་ཅན་དེས་སྤྲུལ་པའོ།། སེམས་ཅན་དེ་ནི་བདག་ཅག་དང་དངོས་པོ་རྣམས་ཀྱི་པར་གྱུར་པ་སྟེ་དབང་ཕྱུག་གོ།། བྱེད་པ་པའོ།། འབྱིན་པ
78a3 འབྱིན་བྱེད་དོ་སྙམ་མོ་དེ་ནས་སེམས་ཅན་འགའ་ཚ་ཟད་ཅིང་ལས་ཟད་ལ། བསོད་ནམས་ཟད་བཞིག་གནས་དེ་ནས་ཤི་འཕོས་ནས། འདིར་མི་རྣམས་དང་སྐལ་བ་མཉམ་པར་གྱུར་ལ་དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་སོན
78a4 པའི་ཟླས་ན་སྒྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་དགོན་པ་ན་གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱང་རུང་ཁང་སྟོང་ན་གནས་ཀྱང་རུང་སྟེ།
78a5 བརྩོན་པའི་རྒྱུ་ལས་བྱུང་བ་དང་སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་ཡང་དག་པ་ཡིད་ལ་བྱེད་པ་དག་གི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ
78a6 ལྟ་བུ་ལ་རེག་པར་བྱེད་དོ། ། དེ་ལྟར་སེམས་མཉམ་པར་བཞག་པ་ལས་སྔོན་གྱི་ལུས་དེ་ཡང་དག་པར་རྗེས་སུ་དྲན་ནོ།། དེ་འདི་སྙམ་དུ་སེམས་ཏེ་ཚངས་པ་དེ་ནི་དངོས་པོ་རྣམས་ཀྱི་ཕར་གྱུར་པ་སྟེ། དབང་ཕྱུག་གོ།། བྱེད་པ་པོའོ།།
78a7 སྤྲུལ་པ་པོའོ།། འབྱིན་པ་པོའོ།། བྱིན་བྱེད་དོ།། དེ་ན་རྟག་པའོ།། བརྟན་པའོ།། ཐེར་ཟུག་པའོ།། རྣམ་པར་མི་འགྱུར་བའི་ཆོས་ཅན་ནོ།། ཡང་བདག་ཅག་ནི་ཚངས་པ་དེས་སྤྲུལ་པའི་ཕྱིར་བདག་ཅག་ན་མི་རྟག་པའོ།། མི་བརྟན་པའོ།།
78a8 ཡིད་བརྟན་དུ་མི་རུང་བའོ།། རྣམ་པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། དེ་ལྟར་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ན་རྟག་པ




iiif viewer powered by OpenSeadragon

77b - 78b

Texts on this page

Q1021 - tshangs pa'i dra ba'i mdo