| | e-texts navigator
|
76b1 ཤེས་ལྡན་འདི་དག་ནི་ཀུན་དུ་རྒྱུག་ཅིང་འཁོར་ལ་རྟག་པ་དེ་ལྟ་བུ་དང་མཚུངས་པ་མེད་པའོ། ། ག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅེལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན།།
76b2 རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་གསུམ་པའོ།། བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐར་ལ་རྟོག
76b3 ཅིང་བདག་དང་འཇིག་རྟེན་རྟག་པའི་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ། དགེ་སློང་དག་འདིན་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་དག་སྔ་མ་བཞིན་ནོ།། སེམས་མཉམ་པར་བཞག་པ་ན་ལྷའི་རིག་རྣམ་པར་དག་པ་མི་རིལས
76b4 འདས་པས་སེམས་ཅན་འཆི་བ་དང་སྐྱེ་བ་དང་། ཁ་དོག་བཟང་པོ་དང་ཁ་དོག་ངན་པ་དང་དམན་པ་དང་། གྱ་ནོམ་པ་དང་བདེ་འགྲོ་དང་། ངན་འགྲོར་འགྲོ་བ་དག་ལྟ་སྟེ། དེ་ལྟར་ན་བདག་དང་འཇིག་རྟེན་རྟག་པའོ་ཞེས་བྱ་བ་ནས་རྟག་པར
76b5 སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལག་ནམ་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་བཞི་པའོ་ཞེས་བྱ་བའི་བར་དུ་སྔམ
76b6 བཞིན་ནོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་པར་སྨྲ་བ་རྣམས་སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་གོ་ཞེས་མདོན་པར་སྨྲ་མངོན་པར་རྗོད་པ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལ་སྟེ། དེ་ལས
76b7 མི་ལྷག་མི་མང་བ་དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་དེ་ལས་ལྷག་བར་ཡང་དག་པར
76b8 ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། འདི་ལྟར་རབ་ཏུ་མཁྱེན་པ་ན་མཆོག་ཏུ་མི་འདྲེན་ཏོ།། མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་ཡང་རིག་ཅིང་དེ་ལྟར་ལྟ་བར་སོང་བ་འདི་དག་གི་འགྲོ་བ་ནི་འདི་ལ
iiif viewer powered by OpenSeadragon
76a - 77a