| | e-texts navigator
|
76a1 བར་བརྗོད་པ་འདི་ནི་གནི་དང་པའོ། ། གཉིས་པ་ནི་དགེ་སྦྱོད་མ་མཆིགས་ལྡན་རྟག་པར་སྨྲ་བ་རྣམས་ཅིལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་ཏོག་ཅིང་། བདག་དང་འཇིག་རྟེན་ཏག
76a2 པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ། དགེ་སློང་དག་འདིརན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཏག་པར་སྨྲ་བ་རྣམས་དགོན་པ་ན་གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱང་རུང་ཁང་སྟོང་ན་ག་ནས་ཀྱང་དྲང་སྟེ། བརྩོན་པའི
76a3 རྒྱ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག།
76a4 བར་བྱེད་དོ།། དེ་ལྟར་སེམས་མཉམ་པར་བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་བཞི་བཅུ་ཡང་དག་པར་རྗེས་སུ་དྲན་ནོ།། དེ་འདི་སྙམ་དུ་སེམས་ཏེ། དེའི་ཕྱིར་བདག་དང་འཇིག་རྟེན་རྟག་པ་དེས་ན། བདག་འདི་སྙམ
76a5 དུ་བདག་དགོན་པ་ན་གནས་ཀྱང་རུང་ཤིང་དྲུང་ན་གནས་ཀྱང་རུང་ཁང་སྟོང་ན་གནས་ཀྱང་རུང་བ་ནས། རྟག་པར་སྨྲ་བ་རྣམས་ཅིལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག
76a6 རྟེན་རྟག་པའི་ནས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་གཉིས་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། གསུམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྒྲུབ་རྣམས་ཅལ་ཏན་ཅིང་ཅི་ལ་གནས་ནས་ཅི
76a7 གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ། དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ནས་སེམས་མཉམ་པར་བཞག་པ་ན།
76a8 འཇིག་པ་དང་ཆགས་པའི་སྐལ་བ་ཕྲག་བརྒྱད་བཅུ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་པ་དང་དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ནས། དེ་ལྟར་ན་སེམས་ཅན
iiif viewer powered by OpenSeadragon
75b - 76b