| | e-texts navigator
|
74b1 པཔའི་སྙན་པ་ཅུང་ཟད་ཙམ་འདི་སྨྲ་ཞིང་བརྗོད་པ་འདི་ལྟ་སྟེ། ཚུལ་ཁྲིམ་ཙམ་དང་འདོད་པ་དག་ལས་རབ་ཏུ་དབེན་པ་ཡིན་ནོ།། ཇི་ལྟར་ན་ཚུལ་ཁྲིམས་ཙམ་ཡིན་ཞེ་ན། གཽ་ཏ་མ་དེ་ནི་འཕེལ་བའི་ཚུལ་ཁྲིམས་ཅན་ཡིན་ལ། ཇི་སྐད་སྨྲས
74b2 པ་དེ་བཞིན་བྱེད་ཅིང་ཇི་ལྟར་བྱེད་པ་དེ་བཞིན་སྨྲ་བ་ཡིན་ནོ། ། གཽ་ཏ་མ་དེ་ནི་འདི་ལྟར་སྲོག་གཅོད་པ་སང་སྤྱནས་སྲོག་གཅོད་པ་ལས་སླར་ལོག་པ་སྟེ། སྲོག་ཆགས་སུ་མུར་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་ཞིང་རྡོ
74b3 ཤེས་པ་དང་ལྡན། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་པས་ཐ་ན་སྲོག་ཆགས་གྲོག་སཱར་ཡན་ཆད་ལ་ཡང་སྲོག་གཅོད་པ་སྤངས་པ་ཡིན་ནོ།། གཽ་ཏ་མ་དེ་ནི་འདི་ལྟར་མ་བྱིན་པར་ལེན་པ་སྤངས་ནས། མ་བྱིན་པ་ལེན་པ་ལས་སྦར
74b4 ལོག་པ་སྟེ། མ་བྱིན་པར་མི་ལེན་པ། བྱིན་པ་ལ་ནི་དགའ་བ་ཡིན་ཏེ། དེ་བཞིན་དུ་རྒྱ་ཆེར་རོ།། ཇི་ལྟར་འདི་ནི་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དང་བས་བྱིན་པ་ཡོངས་སུ་སྤྱོད་ཅིང་རིག་པ་ཡོན་པོ་དག་གིས་ལོག་པར་འཚོ་བས་འཚོ་བར
74b5 བྱེད་དེ། འདི་ལྟ་སྟེ་ཉི་མ་དང་ཟླ་བ་གཉིས་ལམ་ནས་རྒྱུ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ།། ཉི་མ་དང་ཟླ་བ་གཉིས་ལམ་ལོག་པ་ནས་རྒྱུ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ།། གཟ་ཉི་མ་དང་གཟའ་ཟླ་བའི་ལམ་དང་སྐར་མདའ་སྤང་བ
74b6 ལས་ཕྱོགས་འབར་བ་དང་བར་སྣང་ལས་ལྷའི་རྔ་སྒྲ་གྲག་པའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ། ། གཟའ་ཉི་མ་དང་གཟའ་ཟླ་བའི་ལམ་ལོག་པ་དང་། སྐར་མདའ་ལྟུང་བ་ལས་ཕྱོགས་འབར་བ་དང་། བར་སྣང་ལས་ལྷའི་རྔ་སྤ་གྲག་པ་དང་། ཡང་ཉི་མ
74b7 དང་ཟླ་བ་འདི་གཉིས་འདི་ལྟར་མཐུ་ཆེ་བ། འདི་ལྟར་རྫུ་འཕྲུལ་ཆེ་བའི་རྣམ་པར་སྨིན་པ་ནི་འདི་ས་བུའོ།། ཆར་པ་དང་འོང་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་བཞག་པ་དག་ཏུ་མི་གས་པ་འདི་ནི་འདིས་སྟེ། ལམ
74b8 ལལ་ལོག་པའི་ཕྱིར་རོ། ། གོའུ་ཏ་མ་དེ་ནི་རིག་པ་ཡོན་པོ་དག་གིས་ལོག་པར་འཚོ་གྱིས་ལོག་པར་འཚེ་བར་བྱེད་པ་དེ་ལྟ་བུ་དག་སྤངས་པ་ཡིན་ནོ།། ཇི་ལྟར་ན་འདོད་པ་རྣམས་ལས་རབ་ཏུ་དབེན་པ་ཡིན་ཞེ་ན། གོཊ་ཏ་མ་དེ་ནི་འདི་ལྟར་འཕགས་པ
iiif viewer powered by OpenSeadragon
74a - 75a