| | e-texts navigator
|
74a1 དང་ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དེ་ལ་ཚེ་དང་ལྡན་པ་དག་གིས་གནོད་སེམས་དང་མི་བཟོད་པ་དང་། ངན་སེམས་དང་སེམས་མངོན་པར་མི་དགའ་བར་བྱས་ནས་དེས་ན་ཁྱོད་ཀྱི་བར་དུ་གཅོད་པ་ཁོ་ནར
74a2 འགྱུར་བའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ཤིག་ཁྲོས་འཁྲུགས་ལ་རྔམས་ཏེ་ཡིད་མི་དགའ་བར་གྱུར་པས། བརྗོད་པའི་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པའམ། མཐོང་བར་འགྱུར་བ་འདི་ནི་གནས་མེད་དོ།།
74a3 དགེ་སློང་དག་དེའི་ཕྱིར་ངལ་མི་སྙན་པར་བརྗོད་པ་ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་ན་ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ལས་བླང་བར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ
74a4 ནི་ཡང་དག་པ་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས་ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། ། དགེ་སློང་དག་ངལ་སྙན་པ་བརྗོད་པ་ན་དགའ་བར་ཡང་མི་བྱའོ།། ཡིད་བདེ་བར་ཡང་མི་བྱའོ།།
74a5 སེམས་ཡེ་ཡེ་བོར་ཡང་མི་བྱའོ།། དགེ་སློང་དག་ངལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན་དགའ་བ་འམ་ཡིད་བདེ་བ་འམ་སེམས་ཡེ་ཡེ་བོར་གྱུར་ན། དེས་ནི་ཁྱོད་ཀྱི་བར་དུ་གཅོད་པ་ཁོ་ནར་འགྱུར་བའི་ཕྱིར།
74a6 རོ།། དགེ་སློང་དག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་རེ་ཤིག་དགའ་བར་གྱུར་པ་དང་། ཡིད་བདེ་བར་གྱུར་པ་དང་། སེམས་ཡེ་ཡེ་བོར་གྱུར་པས། གཞན་བརྗོད་པའི་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་འམ། མཐོང
74a7 བར་འགྱུར་བ་དེ་ནི་གནས་མེད་དོ། ། དགེ་སློང་དག་དེའི་ཕྱིར་ངལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན་ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ
74a8 མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ་ནི་ཡང་དག་པ་མ་ཡིན་ཞིང་དཁོན་མ་ཡིན་པས་དེང་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ན་ཞེས་ལན་གདབ་པར་བྱའོ།། དགེ་སློང་དག་གང་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་དེ་བཞིན་གཤེགས
iiif viewer powered by OpenSeadragon
73b - 74b