e-texts navigator
Collection
Volume
Page
Wylie

73a1 པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། དགེ་བསྙེན་སྟོང་དང་། སློངས་མོ་བ་ལྔ་བརྒྱ་རྣམས་དང་ཐབས་གཅིག་ཏུ་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་གཤེགས་གཤེགས་པ་ལས་མཚན་མོ་རྒྱལ་པོའི་ཁབ་དང་། སྐྱ་སྣར་ཅན་གྱི་གྲོང་གི་བར
73a2 དེ་ན་འོད་མའི་ལྐུག་ཕྲན་རྒྱལ་པོའི་གནས་སུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་ཀུན་ཏུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་བསྒོ་ནས་སངས་རྒྱས་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན
73a3 པར་བརྗོད་པ་དང་། ཀུན་དུ་རྒྱུ་རབ་དགའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་བསྟན་པ་བརྗོད་པ་ཞིག་སྟེ། དེ་ལྟར་སློབ་དཔོན་དང་།
73a4 སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་། མོས་པ་དང་། བྱེ་བྲག་ཕྱེད་པ་དང་བཟོད་པ་དག་གིས་མི་མཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན
73a5 ཞམ་འབྲིང་དུ་དོང་ངོ་། ། དེ་ནས་དགེ་སློང་མང་པོ་རྒྱལ་པོའི་གནས་ན་འདུས་ཤིང་འཁོད་པ་རྣམས་ན་རེ། ཚེ་དང་ལྡན་པ་དག་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་འདི་ལྟ་སྟེ། ཀུན་ཏུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་པ་མི
73a6 སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་བསྟན་པ་བརྗོད་པ་དང་། ཀུན་དུ་གྱུ་རབ་དགའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང
73a7 ལྡན་པ་བརྗོད་པ་ཞིག་ཏེ་དེ་ལྟར་སློབ་དཔོན་དང་སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་མོས་པ་དང་། བྱེ་བྲག་བྱེད་པ་དང་བཟོད་པ་དག་གིས་མི་མཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
73a8 རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞམ་འབྲིང་དུ་དོང་བ་འདི་ནི་ངོ་མཚར་རབ་ཏུ་ཆེའོ་ཞེས་སྐབས་ཀྱི་གཏམ་དེ་ལྟ་བུ་དག་ཡང་དག་པར་བརྗོད་པར་གྱུར་ཏོ། ། དེ་ནས་དགེ་སློང་མང་པོ་དག་རྒྱལ་པོའི་གནས་ན་འདུས་ཤིང་འཁོད་པ་རྣམས




iiif viewer powered by OpenSeadragon

72b - 73b

Texts on this page

Q1021 - tshangs pa'i dra ba'i mdo