| | e-texts navigator
|
56b1 འདྲ་བའི་དྲང་སྲོང་ཚུལ་ཁྲིམ་དང་ལྡན་པ་དགེ་བའི་ཆོས་ཅན་དེ། དེ་ནས་རྒྱལ་པོ་གསེར་མདོག་གིས་བརྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། སྒོ་བ་དང་འཁོར་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་ཀྱི་ཧུད། འདི་ནི
56b2 གསེར་མདོག་གི་སྦྱིན་པ་གཏོང་བ་ཐ་མ་ཡིན་ཏེ། རྗེས་སུ་ཡི་རང་བར་གྱིས་ཤིག། དགེ་བའི་རྩ་བ་འདིས་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་གཅོད་པར་གྱུར་ཅིག། དེ་ནས་རྒྱལ་པོ་གསེར་མདོག་གིས་ཟས་བྲེན་ཆུང་གང་སོད་པ།
56b3 དེ། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལྷུང་བཟེད་ཏུ་བླུགས་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལག་པ་གཡས་པར་ལྷུང་བཟེད་བྱིན་ནོ།། གང་རང་སངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས་ཉིད་དེ་ཚིག་གིས་ནི་མ་ཡིན་ནོ།། དེ
56b4 ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱལ་པོ་གསེར་མདོག་གི་བསོད་སྙོམས་བླངས་ནས་འདི་ལྟར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་སོང་ངོ་། ། དེ་ནས་རྒྱལ་པོ་གསེར་མདོག་ཐལ་མོ་སྦྱར་ནས། མིག་རྒྱང་གིས་སོང་དག་གི་བར་དུ་མིག་མི་འཛུམས་པར
56b5 བལྟས་སོ། ། དེ་ནས་རྒྱལ་པོ་གསེར་མདོག་གིས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་སྒོ་བ་དང་འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་རང་རང་གི་གནས་ཇི་ལྟ་བ་བཞིན་དེང་ཤིག། ཁང་བཟངས་འདིར
56b6 བཀྲེས་པ་དང་སྐོམ་པས་འཆི་བའི་དུས་མ་བྱེད་ཅིག་དེ་དག་གིས་སྨྲས་པ། གང་གི་ཚེ་ལྷའི་དཔལ་དང་སྐྲ་སྐལ་དང་ལྡན་པར་གྱུར་པ་དེའི་ཚེ་བདག་ཅག་ལྷའི་ཞ་འབྲིང་ན་རྩེ་ཞིང་དགའ་ལ་ལོངས་སྤྱོད་པ་ལགས་ན། འདི་ལྟ་སྟེ་བདག་ཅག་ལྷའི་དུས་ཕྱི་མ
56b7 དང་། དུས་ཚོད་ཕྱི་མ་ཡོངས་སུ་གཏང་བ་གལ་ཞིག་བཟོད། དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ངོ་།། མཆི་མ་ལེགས་པར་ཕྱིས་ནས་བརྫིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་སློབ་དང་འཁོར་རྣམས་ལ་འདིས།
56b8 ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་རང་རང་གི་གནས་ཇི་བལྟ་བ་བཞིན་དེ་ངས་ཤིག། ཐམས་ཅད་ཀྱི་ཁང་བཟངས་འདིར་བཀྲེས་པ་དང་སྐོམ་པ་དག་གིས་མཆི་བའི་དུས་མ་བྱེད་ཅིག། དེ་ནས་བརྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང
iiif viewer powered by OpenSeadragon
56a - 57a