| | e-texts navigator
|
56a1 བཞིག་འོང་སྟེ། འདིས་ནི་དེང་བདག་ཅགཟོས་པར་འགྱུར་རོ།། དེ་ནས་རྒྱལ་པོ་གསེར་མདོག་ལག་པ་གཉིགས་བཞིན་ལེགས་པར་ཕྱིས་ཏེ། སྣ་ཆེན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་འདི་ནི་བྱ་དམང་པོ་འཕུར་བ་མ་ཡིན་ལ
56a2 སྲིན་པོ་མདངས་འཕྲོག་པ་ཡང་མ་ཡིན་ནོ། ། འདི་ནི་དྲང་སྲོང་སྟེ། བདག་ཅག་ལ་སྙིང་རྩེ་བའི་ཕྱིར་འོང་ངོ་།། དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱལ་པོ་གསེར་མདོག་གི་ཁང་བཟངས་ཀྱི་སྟེང་དུ་བབས་སོ།། དེ་ནས་རྒྱལ་པོ་གསེར་མདོག་ལངས
56a3 ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་བསུ་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟན་བཤམས་པ་ལ་བཞུགས་པར་གསོལ་ཏོ།། དེ་ནས་རྒྱལ་པོ་གསེར་མདོག་གིས་བཅོམ་ལྡན་འདས་རང་སངས
56a4 རྒྱས་དེ་ལ་འདི་སྐད་ཅེས་སྤྲས་སོ། ། དྲང་སྲོང་ཅིའི་ཕྱིར་འདིར་བྱོན། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ཟས་ཀྱི་ཕྱིར་རོ།། དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་མ།། ཨེ་མའོ་བདག་དབུལ་ཏེ། འདི་ལྟར་འཛམ་བུ་གླིང་གི་དབང་ཕྱུག
56a5 དམ་པ་བྱས་ཀྱིས་ཀྱང་། ། དྲང་སྲོང་གཅིག་ལ་བསོད་སྙོམས་འབུལ་བར་མ་ནུས་སོ།། དེ་ནས་རྒྱལ་པོའི་ཕོ་བྲང་གསེར་ཅན་ན་གནས་པའི་ལྷ་དེས། རྒྱལ་པོ་གསེར་མདོག་ལ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་ཡིན་ཞེན་ནི་དབུལ་བའོ།།
56a6 ཤིན་དུ་སྡུག་བསྔལ་གང་ཡིན་དབུལ་བ་དེ་ཉིད་དེ།། དབུལ་བ་དང་ནི་ནང་ན་ཤི་དང་མཚུངས་པར་གྱུར་པ་སྟེ།། བདག་ནི་ཤི་ཡང་སླའི་དབུལ་བ་མི་འདོད་དོ།། དེ་ནས་རྒྱལ་པོ་གསེར་མདོག་གིས་མཛོད་པ་བོས་ནས་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ
56a7 བྱིམ་ན་བཟའ་བ་ཅུང་ཟད་ཡོད་ན་དྲང་སྲོང་འདི་ལ་དབུལ་བར་བྱའོ། ། དེས་སྨྲས་པ། གང་ལྷ་ཉིད་མཁྱེན་པ་ལགས་ཏེ། འཛམ་བུ་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངས་སུ་བས་སོ།། གཞན་དུ་ན་ལྷ་ཉག་གཅིག་བཤོས་ཀྱི་ལྷག་མབྲེའུ་ཆུང་གང
56a8 ཞིག་མཆིས་སོ། ། དེ་ནས་རྒྱལ་པོ་གསེར་མདོག་འདི་སྙམ་དུ་གྱུར་ཏེ། གལ་ཏེ་ཟོས་ན་ནི་འཚོ། ཅི་སྟེ་མ་ཟོས་ན་ནི་འཆིའོ་སྙམ་མོ།། དེ་ཡང་འདི་སྙམ་དུ་གྱུར་ཏེ། གལ་ཏེ་ཟོས་ཀྱང་ངེས་པར་བདག་འཆི་བར་འགྱུར་ཏེ། འཚོ་བས་ཆོག་གིས་ཇི་ལྟར་ན་འདི
iiif viewer powered by OpenSeadragon
55b - 56b