e-texts navigator
Collection
Volume
Page
Wylie

290b1 རྒྱ་གར་སྐད་དུ། དྲིད་ཤ་ལོ་ཙན་ནཱ་མ་སཱུ་ཏྲ། བོད་སྐད་དུ། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ།། གྲུབ་པར་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོད་མའི་ཚིལ་ན་བཞུགས་ཏེ། དེའི་ཚེ་གྲོག་ཟུང་།། མདལ
290b2 ལྕང། གནམ་ལྕགས་བབ་པ་དང་།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་བལྟས་མཁན་བྲམ་ཟེ་རྣམས་བཀུག་ནས་སྨྲས་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་གནམ་ཀུན་ཀུན་འཁྲུག་པར་འགྱུར། བྲམ་ཟེ་རྣམས་ཀྱིས་གསོལ་གསུས།
290b3 འདི་ལ་བུ་དག་མིག་བཅུ་གཉིས་ཞེས་བགྱི་བའི་གཙུག་ལགལ་ས་འབྱུང་སྟེ། བདག་གི་ཁྲེལ་བར་རྔོམ་ཐོག་གོ།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ
290b4 ཏོ། བཅོམ་ལྡན་འདས་སེམས་ཅན་གྱི་དོན་ཏུ་ཐུགས་རྩེ་བར་དགོངས་ཏེ། མིག་བཅུ་གཉིས་ཀྱི་ལྟས་ཀྱི་གཙུག་ལག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་བྱུང་བས་ནི་ཕྱི་རོལ་པ་འཇིག་རྟེན་གྱི་གཙུག་ལག་འདི།
290b5 བུདག་བཤད་པའི་ཆ་མ་ཡིན་ནོ།། དེ་ནས་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ལ་བསྐྱེར་ཏེ་གསོལ་པ། བཅོམ་ལྡན་འདས་བདག་ལ་ཐུགས་རྩེ་བར་དགོངས་ཏེ་ཐེ་ཙོམ་འདི་བཀྲོལ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས
290b6 བཤད་པར་གནང་ནས། སྔོན་གླེང་བཞི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་འདས་པའི་དུས་ན། གངས་ཀྱི་རི་དྲུང་ན་བྷ་ག་ཞེས་བྱ་བ་ཞིག་གནས་པ་དེ་དུས་གཞན་ཞིག་ན་སྟག་མོ་གཞོན་ནུ་ཞིག་འཁྱམ་པ་མཐོང་བ་དང་འདོད་ཆགས
290b7 སྐྱེས་ཏེ། དྲང་སྲོང་གིས་འཁྲིག་པའི་ཆོས་སྤྱད་པ་ལས་ལོ་དུས་སུ་བུ་བཅུ་གཉིས་བྱུང་བར་གྱུར་ཏོ།། བུ་ཅོས་ནས་ལོ་བདུན་ལོན་པ་དང་། པ་མ་གཉིས་ཤི་ནས་ཕྲུ་གུ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཚངས་པའི་དངོས་གྲུབ་བསྒྲུབས་ནམ
290b8 བསམ་པ་དང་རེ་བ་རྐང་པར་གསོལ་བ་དང་། དེ་ནས་ཚངས་པས་སྙིང་རྗེས་བལྟས་ཏེ། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་འཛམ་བུའི་གླིང་དུ་ལྷགས་ཏེ། དེ་ནས་ཚངས་པས་བྱིས་པ་དེ་རྣམས་ལ་སྨྲས་པ། བུ་ཁྱོད




iiif viewer powered by OpenSeadragon

290a - 291a

Texts on this page

Q1029 - mig bcu gnyis pa zhes bya ba'i mdo