e-texts navigator
Collection
Volume
Page
Wylie

224b1 ཐམས་ཅད་དུ་བྱད་བཞིན་བཟང་པ་དང་། མིའི་མཆོག་ཏུ་འགྱུར་རོ།། ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་ལ། ལམ་སྲད་དུ་ཀུན་ཤོད་པར་བྱེད་དེ། བསྐྱེད་ཅིང་མིའི་ཅོག་སྒྲོལ་བ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ
224b2 བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འབྱུང་བར་འགྱུརརོ། ། ཚེ་འདི་ལ་མདོ་སྡེ་ལ་སོགས་པ་འདྲིའམ། གཞན་ལ་བྱིན་ཏོ་ཀློག་ཏུ་བཅུག་པ་ནི་སྐྱབ་ཐམས་ཅད་དུ་ཚིག་ལ་ཐོགས་པ་མེད་ཅིང་སློབ་པ་ཐམས་ཅད་ལན་ཅིག་ཐོ་སཔས
224b3 མི་བརྗེད་པར་ཟིན་པར་འགྱུར་རོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ།། མིའི་ནང་ན་མཆོག་དང་ཕུལ་དུ་འགྱུར་རོ།། གཙོ་བོར་འགྱུར་རོ།། ཚེ་འདི་ལ་ཟམ་པ་དང་ཕྲུ་ལ་སོགས་པ་བྱེད་དེ། སྐྱེ་བོ་མང་པོ་སྒྲོལ་བར
224b4 བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགས་སོ། ། གྲོ་ཞིང་འོད་བལ་བསུ་བསྐྱལ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད
224b5 ལས་རྒྱུ་དང་འབྲས་བུར་བཤད་དོ། ། སེམས་ཅན་རྣམས་འདོན་ནམ། ཀློག་གམ་རྗེས་སུ་སྤྱོད་ན། མི་ཁོམ་པ་དང་། སྡུག་བསྔལ་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་སོ།། གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་བ་འདེབས་པ་ནི་ཚེ་འདི
224b6 ཉིད་ལ་ཡང་ལྕེ་རྩ་བ་ནས་འཆད་པར་འགྱུར་རོ། ། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མདོ་སྡེའི་མིང་ཅིང་གདགས། ཇི་ལྟར་བཟུང་བར་བརྩི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ
224b7 མདོ་ལྔ་འདི་ནི་དགེ་བའང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ལམ་དང་། སྤྱོད་པ་ཞེས་ཀྱང་བྱ་སྟེ། ད་ལྟར་ཟུང་ཤིག་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་དན་འཁོར་མང་པོའི་ནང་དུ་ལྷ་དང་མེ་བརྒྱད་ཁྲི
224b8 སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏེ། མི་དགེ་བའི་སེམས་ཅན་ཐམས་ཅད་ཀྱང་དགེ་བར་གྱུར་ཏོ།། དགེ་སྡིག་རྣམ་པར་དབྱེ་བའི་མདོ།། རྫོགས་སྷོ།།




iiif viewer powered by OpenSeadragon

224a - 225a

Texts on this page

Q1024 - dge ba dang mi dge ba'i las kyi rnam par smin pa bstan pa'i mdo