e-texts navigator
Collection
Volume
Page
Wylie

224a1 བ། ཅོག་ཚོགས་པར་འགྱུར་རོ།། ཚེ་འདི་ལ་མི་མང་པོ་ལ་བཏུད་ཅིང་བསོད་ནམས་བྱེད་པ་ནི་ལྷག་ཅིང་བཅན་པའི་ཁྱིམ་བདག་ཏུ་འགྱུར་ཏེ། མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཞི་དག་ཏུ་འགྲོ་ཡང་བགེགས་མེད་ཅིང་བྱའོ།
224a2 ཅོག་འགྲུབ་བོ།། ཚེ་འདི་ལ་སངས་རྒྱས་ཀྱི་མངན་དུ་མེ་མར་འབུད་ཅིང་སྣང་གསལ་ལ་དད་པ་ནི་མ་འོངས་པའི་དུས་ནཉམ་དང་ཟླ་བའི་ལྷར་སྐྱེའོ།། འོད་ཀྱིས་བདག་ལ་གསལ་བར་འགྱུར་རོ།། ཚེ་འདི་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པ་བྱིན་ནམ
224a3 འོངས་པའི་དུས་ན་རབ་ཏུ་ཕྱུག་ཅིང་ཟས་དང་གོས་ཀྱང་ཡིད་བཞིན་དུ་འགྲུབ་པོ། ། འདི་ལ་ཟས་སྐོམ་མི་ལ་སྦྱིན་པ་ལ་དགའ་བ་ནི་གར་སྐྱེས་པ་ཐམས་ཅད་ཡིན་བཞིན་གྱི་ཟས་སུ་འགྱུར་ཞིང་ཟས་དང་། སྐོམ་ཡང་ལྡན་ལ་དབང་བ་རྣོ་ཞིང་སྔོ
224a4 བ་ཆེ་སྟེ་ཚེ་རིང་བར་འགྱུར་རོ། ། གང་གིས་བྱོལ་སོད་ལ་ཟས་བྱིན་ན་ནི་ལན་བརྒྱ་འབྱུར་འཐོབ་པོ།། ལོག་སྲེད་ལ་སྦྱིན་པ་སྦྱིན་པས་ནི་ལན་སྟོད་འགྱུར་འཐོབ་པོ་དགེ་སློང་ངམ། དགེ་སློང་མའམ། ཁྲིམས་གཙར་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར།
224a5 རོ།། ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་པ་སྙེད་དོ།། གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན
224a6 འབྲས་བུ་མཐར་གཏུགས་པར་འགྱུར་རོ། ། གཞན་ཡང་སྦྱིན་གནས་གསུམ་ལ་སྦྱིན་པ་བྱས་ན་རྣམ་པར་སྦྱིན་པའི་འབྲས་བུ་ཟེད་མི་ཤེས་སོ།། གསུམ་གང་ཞེ་ན། སངས་རྒྱས་དང་། ཕ་མ་དང་། ནད་པའོ།། དེ་དག་ལ་ཟས་ཅིག་སྦྱིན་པ་བྱས
224a7 པས་ཀྱང་དེ་ལྟ་བུའི་འབྲས་བུ་མི་ཟད་པ་འཐོབ་པར་འགྱུར་ན། རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས།། ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐམས་ཅད་དུ་བྱང་བཞིན་བཟང་ཞིང་། ཡིད་བཞིན་གྱི་གོས་དང་ལྡན་ལམང་པོ་ཀུན་གྱིས།
224a8 བཀུར་བར་འགྱུར་རོ།། ཚེ་འདི་ལ་དམ་པའི་ཆོས་ཀྱིས་མདོ་སྡེ་ཀློག་པ་དང་། འདོན་པ་ལ་བསྔགས་པས་ནི་སྐྱེ་བ་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ།། ཚེ་འདི་ལ་ཚུལ་ཁྲིམས་སྡོམ་པས་ནི་སྐྱེ་བ




iiif viewer powered by OpenSeadragon

223b - 224b

Texts on this page

Q1024 - dge ba dang mi dge ba'i las kyi rnam par smin pa bstan pa'i mdo