e-texts navigator
Collection
Volume
Page
Wylie

223a1 ཚོད་དེ་ལ་མཁོད་ཞིང་སྤྲེ་ཐུང་བ་ནི་བྱོལ་སོང་ལས་འོངས་སོ།། ཚེ་འདི་ལ་མ་གཡོན་པོར་འདུག་པ་ནི་གཞན་གྱི་ཆུང་མ་ལ་མིག་ཟུར་གྱིས་བསྟེགས་པ་ལས་འོངས་སོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ཏེ་ཕ་མ་ལ་རྒོལ་བ་ནི་ལྕེ་གཏུབས
223a2 པའི་སེམས་ཅན་དམྱལ་བར་ལྟུང་ངོ་། ། ཚེ་འདི་ལ་ཆང་གི་དབང་དུ་སྲེད་པ་ནི་ཚེ་ཕྱི་མ་ལ་ཆུའི་སྲིན་བུར་སྐྱེའོ།། ཅི་སྟེ་མིར་སྐྱེས་ན་ཡང་ལྷ་གོར་དང་། དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
223a3 དགའ་བོངས་ཇི་ལྟར་བཤད་པའི་སྡུག་བསྔལ་མང་པོ་རྣམ་པ་སྣ་ཚོགས་ཀུན་གྱིས་མི་དགེ་བ་རྣམས་ལས་མྱུར་ཏ་རབ་ནི་སེམས་ཅན་དམྱལ་བར་སྣང་ངོ་།། འབྲིང་ནི་བྱོལ་སོང་གི་དྷཱར་འགྱུར་རོ།། ཐ་མ་ནི་ཡི་དགས་ཀྱི་རྒྱུར་འགྱུར་རོ།། སྲོག
223a4 གཅོད་པས་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། ། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། དབུལ་ཕོངས་པ་དང་། ནོར་ཐུན་མོང་དུ་སྤྱད་པའི་དབང་མེད་དོ།། མི་ཚངས་པར་སྤྱོད་པས་ཀྱང་སེམས་ཅན་ངན་སོང་གསུམ།།
223a5 དུལྟུང་ངོ་།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདག་གི་ཆུང་མ་ལ་འཕྱོ་བ་དང་། ཆེན་ཚུན་གཉིས་རྩོད་པ་དང་། བདག་གི་བསམ་པ་བཞིན་མི་འགྲུབ་བོ།། བརྫུན་དུ་སྨྲ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྷུང་བར
223a6 འགྱུར་རོ། ། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། གཞན་གྱིས་བསྐུར་བ་འདབས་པ་དང་། མ་འོངས་པ་ཀུན་གྱིས་སླུ་བར་འགྱུར་རོ།། ཕྲ་མ་བྱེད་པ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ།། ཅི་སྟེ་མར
223a7 སྐྱེས་ན་ཡང་གཉེན་ཞིག་པ་དང་། གཉེན་ངན་པ་དང་། ཕྲག་དོག་ཅན་དུ་འགྱུར་རོ།། ངག་མི་བརྙན་པར་སྨྲ་ན་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། རྟག་ཏུ་སྒྲ་མི་སྙན་པ
223a8 མང་པོ་ཐོས་པ་དང་། སྨྲས་སོ་ཅོག་སྐྱོན་ཅན་རྩོད་པར་འགྱུར་རོ།། ཚིག་ཀྱལ་པ་བྱེད་པ་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་ཏེ། ཅིས་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདེན་པའི་ཚིག་སྨྲས་པ་ཡང་ཀུན




iiif viewer powered by OpenSeadragon

222b - 223b

Texts on this page

Q1024 - dge ba dang mi dge ba'i las kyi rnam par smin pa bstan pa'i mdo