e-texts navigator
Collection
Volume
Page
Wylie

216a1 པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མིའི་ནང་ན་མཆོག་ཏུ་འགྱུར་རོ། ། ཚེ་འདི་ལ་ལམ་ཀར་ཁྲོན་པ་བརྐོས་ནས་བསྐྱེད་ཤིང་བཙུགས་ནས་གྲིབ་མ་མང་པོ་ཀུན་ལ་སྒྲིབ་པར་མངོན་པར་དགའ
216a2 བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་རོ་བརྒྱ་དང་ལྡན་པའི་བཟའ་བ་དང་བཏུང་བ་བསམས་པ་ཙམ་གྱིས་འབྱོར་པར་འགྱུར་རོ། ། ཚེ་འདི་ལ་མདོ་སྡེ་བྲིས་ཏེ། གཞན་དག་ལ་བྱིན་ནས་ཀློག་ཏུ
216a3 བཅུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བདག་གི་སྤོབས་པ་མང་པོ་དང་ལྡན་པ་དང་། ཆོས་བསླབ་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུ
216a4 སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་ཡོངས་སུ་བསྲུང་བ་དང་། རྟག་པར་མིའི་ནང་ན་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ།། ཚེ་འདི་ལ་ཟམ་པ་དང་། གྲུ་གཟིངས་བཅས་ནས་སྐྱེ་བོ་མང་པོ་སྒྲོལ་བར་མངོན
216a5 བར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས་མངོན་པར་དགའ་བ་དང་། ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མད
216a6 པོ་ཀུན་གྱིས་བསྙེན་བཀུར་དང་རིམ་གྲོ་བྱེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་ཇི་སྐད་དུ་མདོ་སྡེ་དེ་དང་དེ་དག་གི་རྒྱུ་དང་འབྲས་བུ་བསྟན་ནས་སེམས་ཅན་མང་པོ་རྣམས་ཀློག
216a7 པ་དང་། ཁ་ཏོན་དུ་བྱེད་པ་དང་། མངོན་པར་སྒྲུབ་པར་བསྐལ་ནས་སྡུག་བསྔལ་གྱི་བགེགས་ལས་ཡོངས་སུ་བཟླས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས། གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་ལ
216a8 ཐོས་ནས་བཀུར་བ་འདེབས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྟུང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི




iiif viewer powered by OpenSeadragon

215b - 216b

Texts on this page

Q1023 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo