| | e-texts navigator
|
215b1 རོ། གང་གིས་དུད་འགྲོའོ་གནས་སུ་སོང་བ་རྣམས་ལ་སྦྱིན་པ་ཡོངས་སུ་གཏང་ན་རྣམ་པར་སྨིན་པའི་འབྲས་བུ་རྒྱ་འགྱུར་སྙེད་འཐོབ་པར་འགྱུར་རོ།། འདོད་ཆེན་བདག་ལ་སྦྱིན་པ་ཡོངས་སུ་གཏང་ན་རྣམ་པར་སྨིན་པ་སྐ
215b2 འགྱུར་སྟེང་འཐོབ་པར་འགྱུར་རོ། ། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པ་ཁྲི་འགྱུར་སྙེད་འཐོབ་པར་འགྱུར་རོ།། གང་གིས་ཐེག་པ་ཆེན་པོ་དེ་བཞིན་གཤེགས་པའི་གསང
215b3 བར་སྟོང་པོ་འཁོར་མང་པ་ལ་ཡང་དག་པར་བསྒྲགས་ནས་སེམས་ཀྱི་མིག་འབྱེད་པའི་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངས་སུ་གཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ། །
215b4 གང་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་ཡོངས་སུ་གཏང་ན་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུར་རོ།། གཞན་ཡང་གང་ཟག་རྣམ་པ
215b5 གསུམ་ལ་སྦྱིན་པ་ཡོངས་སུ་གཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་ཕ་མ་དང་ནང་བ་རྣམས་སོ།། ཟས་ཟ་ཅིག་ཙམ་ཡོངས་སུ
215b6 བཏང་བས་ཀྱང་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙད་ཐོབ་པར་འགྱུར་རོ། ། རྟག་པར་ཡོངས་སུ་བཏང་བས་ཡོངས་སུ་གཅུགས་པར་མི་འགྱུར་བ་ལ་སྤོས་ཀྱང་ཅི་དགོས། ཚེ་འདི་ལ་དགེ་འདུན་མང་པོའི་སྐུ་བསིལ་བ་གང
215b7 ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བྱེད་བཞིན་སྡུག་ཅིང་མཛེས་པ་དང་། རང་བཞིན་གྱིས་གོས་ཐོས་པ་དང་ལྡན་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བསྐུར་བར་འགྱུར་རོ།། ཚེ་འདི་ལ་སྔགས་པ་བརྗོད་པ་དང་། མདོ་སྡེའི་ཆོས
215b8 གློག་ཅིང་ཁ་ཏོན་ཏུ་འདོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བའི་གནས་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཐོས་པ་རྣམས་རབ་ཏུ་དགའ་བར་འགྱུར་རོ། ། ཚེ་འདི་ལ་ཚུལ་ཁྲིམས་བསྲུང་བར་མངོན་པར་དགའ་བ་གང་ཡིན
iiif viewer powered by OpenSeadragon
215a - 216a