| | e-texts navigator
|
214a1 དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་ཏེ། ཆུང་མ་གཞན
214a2 གྱིས་བྱི་བ་བྱེད་པ་དང་། ཆུང་མ་དང་ཕན་ཚུན་རྩོད་ཅིང་བདག་གི་སེམས་ཀྱིས་བསམས་བཞིན་དུ་མི་འགྱུར་བ་གང་ཡིན་པའོ།། བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན
214a3 དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། སྐུར་པ་མང་བ་དང་རྟག་པར
214a4 གཞན་གྱིས་མང་དུ་བསླུས་པར་འགྱུར་བ་གང་ཡིན་པའོ། ། ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར
214a5 བྱེད་དོ། ། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་སྒྲ་མི་སྙན་པ་ཟོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་ཏུ་རྗོད་པ་ཅན་དུ་འགྱུར
214a6 བ་གང་ཡིན་པའོ། ། ཚིག་ཀྱལ་བ་སྨྲས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར
214a7 སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་ཏེ། བདེན་པ་ཞིག་སྨྲས་ན་ཡང་གཞན་དག་ཡིད་ཆེས་པར་མི་འགྱུར་བ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བར་མི
214a8 འགྱུར་བ་གང་ཡིན་པའོ། ། བརྣབ་སེམས་བསྐྱེད་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དེ།།
iiif viewer powered by OpenSeadragon
213b - 214b