| | e-texts navigator
|
213b1 སྔོན་སྨོན་པ་བྱས་པ་ལས་འོངས་པ་ཡིན་ནོ། ། ཚེ་འད་ལ་མིག་ཡ་ཡོད་གྱུར་པ་གང་ཡིན་པ་དེ་ནི་སྔོན་ལོག་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལ་བལྟས་པ་ལས་གྱུར་པ་ཡིན་ནོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ནས་ཕ་མ་ལ
213b2 སྤྲོས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕེ་ཐོང་གཤོལ་གྱིས་རྨེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། ཚེ་འདི་ལ་ཆད་གིན་དུ་ཆུ་སྣུན་ཏེ། གཞན་དག་ལ་བྱིན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཆུའི་ནང་དུ
213b3 སྲིན་བུ་དག་ཏུ་སྐྱེ་བར་འགྱུར་ཏེ། བརྒྱལ་མིའི་ནང་དུ་སྐྱེས་པར་གྱུར་ན་ཡང་ལུས་བསྐྲད་ཞི་དབུགྲ་ཐ~ཾང་བས་འཆི་བའི་དུས་བྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་དུ་བསྟན་པའི་སྡུག་བསྔལ
213b4 སྣ་ཚོགས་མང་པོ་དེ་དག་ཐམས་ཅད་ནི་སྡིག་པ་མི་དགེ་བའི་ལས་རྣམ་པ་བཅུའི་དབང་ལས་གྱུར་པ་ཡིན་པས་རབ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བའི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ། ། འབྲིང་གང་ཡིན་པ་དེ་ནི
213b5 དུང་འགྲོའི་སྐྱེ་གནས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ། ། ཐ་མ་གང་ཡིན་པ་དེ་ནི་ཡི་དགས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་ངོ་རོ།། སྲོག་གཅོད་པའི་ཁ་ན་མ་ཐོ་བ་དེས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྒྲ་གནས
213b6 དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་ཏེ། ཚེ་ཐུང་བ་དང་། ནད་མང་བ་གང་ཡིན་པའོ།། མ་བྱིན་པར
213b7 ལེན་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མར་སྐྱེས་པར་འཐུར་ན་ཡང་། རྣམ་པར་སྨིན་པའི་འབྲས
213b8 རྣམལ་གཉིས་འཐོབ་པར་འགྱུར་ཏེ། དབུལ་ཞིང་ཕོངས་པ་དང་། ནོར་ཐུན་མོང་དུ་འགྱུང་ཞིང་རང་དབང་མེད་པ་གང་ཡིན་པའོ།། ལོག་པར་གཡས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན
iiif viewer powered by OpenSeadragon
213a - 214a