e-texts navigator
Collection
Volume
Page
Wylie

207b1 དེ་ནི་ཚུལ་འཁྲིམས་འཆལ་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་གཙང་སྦྲ་མེད་པ་གང་ཡིན་པ་དེ་ནི་ཕག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་ཀླུ་གར་ལ་དགའ་བ་གང་ཡིན་པ་དེ་ནི་རོལ་མོ་མཁན་བྱས
207b2 པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་འདོད་ཆེན་ཆེ་བ་གང་ཡིན་པ་དེ་ནི་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ན་སོ་གཉའ་བར་སྨྲ་བ་ཡོད་པ་གང་ཡིན་པ་དེ་ནི་གཅིག་པུ་བསྡོགས་པ་ལས་འོངས་པ
207b3 ཡིན་ནོ། ། མིར་གྱུར་ནས་ཁའི་དྲི་མནམ་པ། གང་ཡིན་པ་དེ་ནི་ཚིག་ངན་གྱིས་གཞན་ལ་སྨོས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་པོ་མཚན་དང་མི་ལྡན་པ་དེ་ནི་ཁྱི་དང་ཕག་རྣམས་ཀྱི་རླིག
207b4 པ་བཅད་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ནས་ལྕེ་ཐུང་བ་གང་ཡིན་པ་དེ་ནི་དབེན་པ་དག་ཏུ་བླ་མ་དག་ལ་ཚིག་མི་སྙན་པ་བརྗོད་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་གཞན་གྱི་ཆུང་མ་ལ་གཡེམ་པར
207b5 མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱ་ངང་པ་དག་ཏུ་ལྟུང་བར་འགྱུར་རོ། ། མིར་གྱུར་ཀྱང་བདག་དང་ཉེ་ཞིང་གཉེན་དུ་འབྲེལ་བ་དག་ལ་གཡེམ་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཁྱབ
207b6 མཆིལ་བ་དག་ཏུ་ལྟུང་བར་འགྱུར་རོ། ། མིར་གྱུར་ནས་མདོ་སྡེ་དང་བསྟན་ཆོས་དག་ལ་སར་སྣ་བྱེད་ཅིང་ཤེས་ཀྱང་སྦསོ་ནས་གཞན་དག་ལ་མི་སྟོན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་དབང་སྲིན་དག་ཏུ་སྐྱེ་བར
207b7 འགྱུར་རོ། ། མིར་གྱུར་ནས་མངའ་གཞུ་ཐོགས་ཤིང་གཞོམ་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཀླ་ཀློ་ཅན་དུ་ལྟུང་བར་འགྱུར་རོ།། རྔོན་པ་བྱེད་ཅིང་སྲོག་ཆགས་བསོད་པ་ལ་མངོན
207b8 པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་འཕར་སྨད་དག་ཏུ་ལྟུང་བར་འགྱུར་རོ། ། མགོ་རྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་གཅིན་རྟུག་གི་སྲིན་བུ་བྱེད་པ




iiif viewer powered by OpenSeadragon

207a - 208a

Texts on this page

Q1023 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo