e-texts navigator
Collection
Volume
Page
Wylie

207a1 པ་གང་ཡིན་པ་དེ་ནི་བྱ་མང་པོ་རྣམས་ཀྱི་ཕྲ་གྲུ་བསད་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ནས་བུ་ཚ་མང་བ་གང་ཡིན་པ་དེ་ནི་སེམས་ཅན་གསོ་བ་ལ་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་ཆང
207a2 བ་གང་ཡིན་པ་དེ་ནི་བྱམས་པའི་སེམས་དང་ལྡན་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ནས་ཚེ་ཐུང་བ་གང་ཡིན་པ་དེ་ནི་སྲོག་ཆགས་མང་པོ་བསད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ན
207a3 སྨིསྦྱིན་པ་བཏང་བ་ལས་གྱུར་པ་ཡིན་ནོ། ། མེར་གྱུར་ནས་རྟ་དང་ཤིང་རྟ་དང་ལྡན་པ་གང་ཡིན་པ་དེ་ནི་དཀོན་མཆོག་གསུམ་ལ་ཎཱ་དང་ཤིང་རྟ་ཕུལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ
207a4 དོནི་མདོ་སྡེ་འདྲི་ཞིང་ཁ་ཏོན་འདོན་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ནས་དབང་པོ་མི་གསལ་བ་གང་ཡིན་པ་དེ་ནི་དུད་འགྲོའི་གནས་ནས་འོངས་པ་ཡིན་ནོ།། མིར་གུར་ཀྱང་གཞན་གྱི་བྲན་དང་བྲན་མོ་བྱེད་པ་གང་ཡིན།
207a5 པ་དེ་ནི་བུ་ལོན་ཆགས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མི་རྟེན་ཞིང་ཡང་བ་གང་ཡིན་པ་དེ་ནི་སྔོན་སྤྲེའུ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཛེ་ནད་ཀྱིས་བཏབ་པ་གང་ཡིན་པ་དེ་ནི་དཀོན
207a6 མཆོག་གསུམ་རྣམ་པར་བཤིག་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ཀྱང་རྐང་ལག་འཇས་འགྲུས་སུ་གྱུར་པ་གང་ཡིན་པ་དེ་ནི་སེམས་ཅན་གྱི་རྐང་ལག་དམ་དུ་བཅིངས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས
207a7 ལ་རྨ་དང་ཤུ་བ་འབྱུང་ཞིང་ཡུན་རིང་པོར་སྨན་དང་སྤྱད་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་བརྡེག་བཙོག་བྱས་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ཀྱང་རང་བཞིན་མི་སྲུན་པ་གང་ཡིན
207a8 པདེ་ནི་སྡིག་སྦྲུལ་བྱས་པ་ལས་འོངས་པ་ཡིན་ནོ། ། མི་གྱུར་ནས་དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་བསྲུངས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དབང་པོ་རྣམས་མ་ཚང་བ་གང་ཡིན་པ




iiif viewer powered by OpenSeadragon

206b - 207b

Texts on this page

Q1023 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo