e-texts navigator
Collection
Volume
Page
Wylie

206b1 ཡིན་པ་དེ་ནི་ཉའི་འགྲམ་པ་ཕུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་སྐྲ་སེར་པོར་གྱུར་པ་གང་ཡིན་པ་དེ་ནི་ཕག་གི་སྤུ་གཏོགས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྣ་བ་རལ་པར་གྱུར་པ་གང་ཡིན་པ།
206b2 དེ་ནི་གཞན་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་ཤ་ཟུར་ལྟ་བུར་བུར་བ་གང་ཡིན་པ་དེ་ནི་གོས་ཡང་ཞིང་སྲབ་པ་དག་བགོས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་མདས
206b3 འདས་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་ངག་གི་འོག་ཏུ་བཞག་ནས་དུད་པས་བདུགས་པ་ལས་གྱུར་པ་ཡིན་ནོ།། མིར
206b4 གུར་ཀྱང་རྐང་ལག་ཞ་བོར་གྱུར་པ་གང་ཡིན་པ་དེ་ནི་མཁན་པོ་དང་བླ་མ་རྣམས་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ཀྱང་སྒུར་པོར་གྱུར་པ་གང་ཡིན་པ་དེ་ནི་གོས་ཡང་ཞིང་སྲབ་པ་དག
206b5 བགོས་ནས་ཕན་ཚུན་དུ་འགྲོ་བའི་ཚེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་གྱུར་པ་ཡིན་ནོ། ། མིར་གྱུར་ཀྱང་འཕྲལ་བ་མི་སྡུག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ
206b6 མཐོང་བའི་ཚེ་ཕྱག་ཀྱང་མི་བྱེད་ལ། ལག་པས་འཕྲལ་བར་བརྡབས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་གཉའ་བ་ཐུང་བ་གང་ཡིན་པ་དེ་ནི་བླ་མ་དག་མཐོང་བས་མགོ་སྦས་ཏེ་བྲོས་ནས་བྱོལ་བ་ལས་གྱུར་བ་ཡིན
206b7 ནོ། ། མིར་གྱུར་ཀྱང་རྟག་པར་སྐྱིང་ན་བ་གང་ཡིན་པ་དེ་ནི་སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་བཏུབས་པ་ལས་བྱུར་བ་ཡིན་ནོ།། མིར་གྱུར་ཀྱང་མཛེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་ཉེས་པ་མེད་པར་གཞན་དག་གི་ནོད
206b8 བླངས་པ་ལས་གྱུར་བ་ཡིན་ནོ། ། མིར་གྱུར་ཀྱར་དབུགས་ཐུང་བ་གང་ཡིན་པ་དེ་ནི་དགུན་དྲང་བའི་དུས་ཀྱི་ཚེ་གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་བ་ཡིན་ནོ།། མིར་གྱུར་ཀྱང་བུ་ཁྱེའུ་དང་བུ་མ་མེད་པར་གྱུང




iiif viewer powered by OpenSeadragon

206a - 207a

Texts on this page

Q1023 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo