| | e-texts navigator
|
206a1 བཟོད་པ་དང་དུ་བླངས་པ་ལས་འོངས་པ་ཡིན་ནོ། ། བྱང་བཞིན་མི་སྡུག་པ་གང་ཡིན་པ་དེ་ནི་ཁོང་ཁྲོ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི་སེར་སྣ་བྱས་པ་ལས་འོངས
206a2 བ་ཡིན་ནོ། ། མིར་གྱུར་ཀྱང་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི་སྦྱིན་པ་བཏང་བ་ལས་འོངས་པ་ཡིན་ནོ།། ཡ་རབས་མཐོན་པོར་གྱུར་པ་གང་ཡིན་པ་དེ་ནི་གཞན་དག་ལ་གུས་པར་ཕྱག་བྱས་པ་ལས་འོངས་པ་ཡིན་ནོ
206a3 མ་རབས་སུ་གྱུར་པ་གང་ཡིན་པ་དེ་ནི་ང་རྒྱལ་བྱས་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་ལུས་རིང་ཞིང་བོང་ཆེ་བ་གང་ཡིན་པ་དེ་ནི་གུས་པས་བཀུར་སྟི་བྱས་པ་ལས་འོངས་པ་ཡིན་ནོ།། ལུས་བུང་ངུ་གང་ཡིན
206a4 པ་དེ་ནི་ཆོས་ལ་བརྙས་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་བཀའ་བློ་མི་བདེ་བ་གང་ཡིན་པ་དེ་ནི་སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གནག་ཅིང་རིང་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས
206a5 པའི་སྣང་བ་སྒྲིབས་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་མཆུ་མི་སྡུག་པ་གང་ཡིན་པ་དེ་ནི་མཆོད་རྟེན་གྱི་ཟས་མྱངས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མིག་དམར་བ་གང་ཡིན་པ་དེ་ནི་མེའི་སེར་སྣ
206a6 བྱས་པ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་མིག་མི་བསལ་བ་གང་ཡིན་པ་དེ་ནི་ཁྲའི་མིག་བྲུས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལྐུགས་པ་གང་ཡིན་པ་དེ་ནི་ཆོས་ལ་བསྐུར་བ་བཏབ་པ་ལས་འོངས་པ
206a7 ཡིན་ནོ། ། མིར་གྱུར་ཀྱང་འོན་པར་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཐོས་པར་མི་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སོ་འཁྲོལ་བར་གྱུར་པ་གང་ཡིན་པ་དེ་ནི་རུས་པ་འཆའ་ཞིང་ཤ་ཟ་བར་མངོན་པར་དགའ
206a8 བ་ལས་འོངས་པ་ཡིན་ནོ། ། མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ་གང་ཡིན་པ་དེ་ནི་དྲི་མི་ཞིམ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཆུ་ཤོ་རེར་གྱུར་པ་གང་།།
iiif viewer powered by OpenSeadragon
205b - 206b