e-texts navigator
Collection
Volume
Page
Wylie

313a1 བརྗིད་ཆེ་ལྡན་ཞིང་། ། སྟོབས་ཆེ་གླིང་བཞི་བང་ཕྱུག་པ།། མངའ་བདག་འཁོར་ལོས་སྒྱུར་བ་འབྱུང་།། དཔུང་གི་ཡན་ལག་བཞི་འབྱོར་ཅིང་།། རིན་ཆེན་བདུན་དང་ཡང་དག་ལྡན།། རྒྱལ་པོ་འདིའི་སྲས་རྣམས་ནི།། སྟོ
313a2 དུ་ཆད་པར་འབྱུང་བར་འགྱུར། ། མི་ཡི་དབང་པོ་དེ་ཡང་ནི།། ས་འདི་རྒྱ་མཚོའི་མཐའ་ཀླས་པར།། ཆད་པ་མེད་ཅིང་ཆོས་དང་ནི།། འཐུན་པས་ཡོངས་སུ་སྐྱོང་བར་འགྱུར།། དེ་ཆེ་དུང་ཞེས་བྱ་བའི།། ས་བདག་རྒྱལ་པོ་དེ་ལ་ནི།།
313a3 རིན་ཆེན་ཁྲག་ཁྲིག་བརྒྱས་མཚོན་པའི།། གཏེར་ཆེན་བཞི་ནི་འབྱུང་བར་འགྱུར།། སུའི་མཚན་ན་སེར་སྐྱ་སྟེ།། བཅོམ་བརླག་ན་ནི་དཀར་པོ་ཡིན།། ས་འཛིན་ནིནི་ཨིའི་ཡི་མདག།། བཱ་རཱ་ན་སྡེའི་གྲོང་ཁྱེར་དུང་། གཏེར་ནི་བཞི་པོ
313a4 ཁོ་ན་དང་། རྒྱལ་པོ་ཡང་དག་ལྡན་པར་ནི།། འབྱུང་འགྱུར་དཔའ་བོ་ཆེན་པོ་ད།། བསོད་ནམས་བརྒྱའི་སྟོབས་ལས་སྐྱེས།། དེ་ཚ་རྒྱལ་དེའི་མདུན་ན་འདོན།། བྲམ་ཟེ་ཚངས་རབ་ཅེས་བྱ་བ།། ཐོས་མང་རིག་བྱེད་བཞི་འདོན་པའི།།
313a5 མཁན་པོ་ཞིག་ནི་འབྱུང་བར་འགྱུར།། འདོན་དུ་འཇུག་དང་གསང་ཚིག་འཛིན།། དྲན་ལྡན་རིག་བྱེད། གཞུང་འགྲེལ་དང་།། སྒྲ་དེས་སྦྱོར་བཅས་ཕ་རོལ་ཕྱིན།། བརྡ་སྤྲོད་པ་དང་ཚིག་དང་ལྡན།། དེ་ཚེ་དེ་ཡི་ཆུང་མ་ནི།། ཚངས་ལྡན
313a6 མ་ཞེས་བྱ་བ་སྟེ། ། མཛེས་ཤིང་བསྟན་སྡུག་པ་དང་།། གཟུགས་བཟང་གྲགས་དང་ལྡན་པ་འབྱུང་།། བྱམས་པ་གང་ཟག་མཆོག་གྱུར་པ།། དགའ་ལྡན་གནས་ནས་ཤི་ཡོས་ནས།། དེང་ཚེ་དེའི་ལྷུམས་སུ་ནི།། ངེས་པར་ཉིང་མཚམས
313a7 སྦྱོར་བར་འགྱུར། ། གཟི་བརྗིད་ཆེན་པོ་ཟླ་བ་བཅུ།། ཚ་པར་ལྷུམས་སུ་ཞུགས་ནས་ཀྱང་།། བྱམས་པའི་སུམ་ནི་བསྐྱེད་མོས་ཚལ།། མེ་ཏོག་པཅང་རྒྱས་ནང་གཤེགས་ནས།། ཆོས་སྟོན་མ་དེ་མི་འདུག་ཅི།། མཉེར་འབྲིང་བཞིན
313a8 ངག་ཏུ་ནི། ། གང་གི་ཡལ་ག་ལ་བཟུང་ནས།། བྱམས་པ་བལྟམ་པ་ཉིད་དུ་འགྱུར།། མ་ཡི་མཆོག་ཏུ་གྱུར་པ་དེ།། གློ་ག་པས་ནས་ནི་འབྱུང་འགྱུར་ཏེ།། དཔེར་ན་སྤྲིན་གྱི་ཕུང་པོ་ནས།། ཉི་མ་ཟུང་བ་བཞིན་དུགས་ལ།། ཇི་ལྟར་ཆུ་ཡི་བདམ




iiif viewer powered by OpenSeadragon

312b - 313b

Texts on this page

Q1011 - 'phags pa byams pa lung bstan pa