e-texts navigator
Collection
Volume
Page
Wylie

318b1 འབྲས་བུ་ནི་ཁར་མནམ་པར་འགྱུར་བ། དབུགས་མི་ཞིམ་པར་འོང་ངོ་།། ཕྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོན་སྨན་ཅན་དང་ལྗང་ལོད་ཅན་དང་མི་གཙང་བ་དང་ནང་རྒོད་དང་རྡོ་བ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ཁ་ཁྱལ་པ
318b2 བྱས་པའི་ལས་ཀྱི་འབྲས་བུ་ནི་གྲོག་པོ་མང་བརྩི་ཤིང་དང་ཡལ་ག་དང་མདབ་མཚེར་མ་ཅན་དང་ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱའོ། ། བརྐམ་པར་བྱས་པའི་འབྲས་བུ་ནི་འབྲུ་འབྲས་ཅི་ཡང་ཕྲ་མར་འོང་ངོ་།། ཁྲོ་བ་བྱས་པའི་ལས་ཀྱིས་ས་བོན་འབྲས
318b3 བུ་ཚ་བ་དང་། སྐུར་བ་དང་ཁ་བར་འོང་ངོ་།། ལོག་པར་ལྟས་པ་དང་བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི་ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་།། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང
318b4 མི་བདེ་བའི་གནས་སུ་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མན་པ་ངན་པ་རྣམ་པ་བཅུར་འགྱུར་བ་ཡང་གོ་ཞིང་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན་དགྲ་མང་དུ་འགྱུར་བ་ཡིད་དུ་མི་འོང་བར་སྣང་བ་ཚེ་ཐུང་བ།
318b5 སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་ལ་མི་དགའ་བཞིན་སད་པ། རྨི་ལམ་ན་སྡིག་པའི་ཐོད་པ་ཕྱིས་འགྱོད་པ། ཚེ་ཐུང་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས
318b6 ལུས་དང་། བྲལ་ན་ལས་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མ་བྱིན་པར་བླངས་ན་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན་དགྲར་འགྱུར་བ་ཡིན། དོགས་པར་འགྱུར་བ་ཡིན། མི་རིགས
318b7 པར་འགྲོ་བ་ཡིན། མཚན་མེ་འཁྱམ་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱི་ནད་ཀྱིས་ཟིན་པ་ཡིན། དགེ་བའི་གྲོགས་པོ་ཀུན་སྤངས་པ་ཡིན། ཁྲིམས་མི་ཐུབ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན་ཆད་པས་བཅད་པ་ཡིན།
318b8 མི་སྐྱིད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལ་མ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག། བཅུ




iiif viewer powered by OpenSeadragon

318a - 319a

Texts on this page

Q1006 - las kyi rnam par 'gyur ba zhes bya ba'i chos kyi gzhung