e-texts navigator
Collection
Volume
Page
Wylie

316a1 བའི་ལམ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། ངེས་ཀྱང་མི་འགྱོད་པའི་ཁྲེལ་གྱིས་མི་དོགས་པ་དང་། ཉེས་པར་མི་སེམས་པ། མི་རིགས་པར་མི་སེམས་པ། མི་འཆགས
316a2 པ། ཡལ་བར་གཏོང་བ་སླར་ངན་དུ་འཇུག་པ་ཕྱིན་ཆད་བྱེད་པར་དམ་འཆའ་བ་དེ་ལྟ་བུའི་ལས་ལ་དགའ་བ་དེ་ལྟ་བུ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླ
316a3 སྐྱེའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེས་པའི་ལས་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སེམས་ཅན་དམྱལ་བའི་ལས་བྱས་ནས་འགྱོད་པ་ཁྲེལ
316a4 གྱིས་དོགས་པ་ཉེས་པར་སེམས་པ་མི་རིགས་པར་སེམས་པ་འཆགས་པ་ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས
316a5 ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས
316a6 ནས་ལས་དེ་བྱས་པ་དང་འགྱོད་པ་ཁྲེལ་གྱིས་དོགས་པ་ཉེས་པར་སེམས་པ་མི་རིགས་པས་སེམས་པ། འཆགས་པ་ཡལ་བར་མི་གཏོང་བ་སླར་ངན་དུ་མི་འཇུག་པ་ཕྱིན་ཆད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ
316a7 ཞིང་མི་སྨོན་པ། སྤོང་ཞིང་གཏོང་བ། ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་སྤྱོད་པ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་སྒྲ་གསན་ནོ།། ཇི་ལྟར་གང་ཟག
316a8 ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་ཡང་ཡིད་རངས་བཞིན་ཏུ་མ་བྱིན། དགའ་ཞིང་བདེ་བ་ཡིད་དུ་མ་བྱས་བྱིན་ནས་ཕྱིས་འགྱོད་པར་སེམས་པ་གང་ཟག་དེ་ལྟ




iiif viewer powered by OpenSeadragon

315b - 316b

Texts on this page

Q1006 - las kyi rnam par 'gyur ba zhes bya ba'i chos kyi gzhung