e-texts navigator
Collection
Volume
Page
Wylie

310a1 བར་འགྱུར་བ་དང་ཞི་གནས་འཐོབ་པ་དང་ལྷག་མཐོང་ཐོབ་པ་སྟེ་བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ཡིན་ནོ། ། བསོད་ནམས་ལེན་པའི་ཕན་ཡོན་བཅུ་ཡོད་དེ་བཅུ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར
310a2 བ་དང་དེ་སྤྱོད་ཡུལ་ལ་གོམས་པར་འགྱུར་བ་དང་ང་རྒྱལ་གཅིག་པར་འགྱུར་བ་དང་བདག་རྙེད་པ་ལ་སྦྱོར་བ་དང་གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང་། སྟོན་པའི་བསྟན་པ་ཡོངས་སུ་སྟེན་པ་དང་ཕྱི་མའི་སྐྱེ་བོ་ལ་སྣང་ཐ
310a3 བ་ཡས་པར་འགྱུར་བ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་བྱས་པར་འགྱུར་བ་དང་དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སྦྱོང་གི་ཕྱོགས་ལ་མུན་པ་མེད
310a4 བར་སྣང་བའོ། ། འཇིགས་པ་མེད་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང་འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ་དང་འཇིགས་པ་མེད་པར
310a5 འ་ཁོར་རྣམས་ལ་ཆོས་སྟོན་པ་དང་འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ
310a6 དང་འཇིགས་པ་མེད་པར་གོས་དང་ཟས་དང་མལ་ཙ་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཡོངས་སུ་སྤྱོད་པ་དང་འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་། འཇིགས་པ་མེད་པར་ཆ་འཕོ་བའི་དུས་བྱེད་པའོ།། བྲམ་ཟེའི་ཁྱེའུ
310a7 དེ་ལྟར་ན། སེམས་ཅན་རྣམས་ནི་བདག་གི་ལས་ལས་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་བ་ལ་སྤྱོད་པ་ལས་ལ་རྟེན་པ་ཡིན་ཏེ་སེམས་ཅན་རྣམས་ནི་ལས་ཀྱིས་རབ་དང་འབྲིང་དང་ཐ་མར་རྣམ་པར་ཕྱེ་བའོ་ཞེས་ངས་གང
310a8 སྨྲས་པ་དེ་ནི་འདི་ལས་དགོངས་ཏེ་སྨྲས་སོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྲམ་ཟེའི་ཁྱེའུ་ཤུ་གོ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ།། དེ་ནས་བྲམ་ཟེའི་ཁྱེའུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།




iiif viewer powered by OpenSeadragon

309b - 310b

Texts on this page

Q1005 - las rnam par 'byed pa