e-texts navigator
Collection
Volume
Page
Wylie

284b1 སོ། ། དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལན་ལྟར་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ས་བསྐོར་བའི་མིག་སྐྱེས་ཤིང་ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང
284b2 བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སློང་དང་བྲམ་ཟེར་བཅས་པའི་སྐྱེས་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་རབ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང
284b3 བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། ། ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན།
284b4 ཚེ་དང་ལྡན་པ་ཀཽ་དི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་འ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽ་དི་ནྱ་ལ་བཀའ་སྩལ་པ།། ཀཽ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ།
284b5 བཅོམ་ལྡན་འདས་ཀུན་འཚལ་ལགས་སོ།། ཀཽ་དི་ནྱ་ཁྱོད་ཀྱིས་ཀུན་ཤེས་སམ་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ།། ཀུན་འཚལ་ལགས་སོ།། ཚེ་དང་ལྡན་པ་ཀཽ་དི་ནྱས་ཆོས་ཀུན་ཤེས་པས
284b6 དེའི་ཕྱིར་ཚེ་དང་ལྡན་པ་ཀཽ་དི་ནྱ་ཀུན་ཤེས་ཀཽ་དི་ཎྱ་ཞེས་ཚིག་བླ་དགས་སུ་བཏགས་སོ། ། ཚེ་དང་ལྡན་པ་ཀཽ་དི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ།། གྲོགས་པོ་དག་བཅོམ་ལྡན་འདས
284b7 བ་ཨཱ་རཱ་ན་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷའམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང
284b8 མ་ཐུན་པར་མ་བསྐོར་བ་སྐྱེ་བ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས




iiif viewer powered by OpenSeadragon

284a - 285a

Texts on this page

Q1003 - chos kyi 'khor lo'i mdo