e-texts navigator
Collection
Volume
Page
Wylie

284a1 ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས
284a2 ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མད།
284a3 པར་ཤེས་པས་སྤོངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པའི་ཤེས་པ་འཕགས་པའི
284a4 བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག
284a5 བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག
284a6 ང་ཇི་སྲིད་ཏུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ད་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ། ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད
284a7 ང་ལྟ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སློང་དག་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ
284a8 བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། ། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས




iiif viewer powered by OpenSeadragon

283b - 284b

Texts on this page

Q1003 - chos kyi 'khor lo'i mdo