e-texts navigator
Collection
Volume
Page
Wylie

282a1 དབང་པོ་ལྔ་སྒོམ་པ་དང་སྟོབས་ལྔ་དང་ལྡན་པར་བྱ་བ་དང་སྒྲིབ་པ་ལྔ་པོ་དག་བསལ་བ་དང་།། ཕུད་པ་ལྔ་པོ་དག་རྣམ་པར་གཤིག་པ་དང་།། ཆ་ལྔ་དང་ལྡན་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་རྣམ་པ་ལྔར
282a2 གཞག་པ་ཡིན་ནོ། ། སིལ་སྒྲིལ་བཅུ་གཉིས་སུ་བསྟན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་སུ་དྲན་པར་བྱ་ཞིང་ཐོགས་པ་མེད་པར་བྱ་བ་དང་། སྒོ་བཅུ་གཉིས་པའི་བསམ་གཏན་བསྒོམ་པར་བྱ་བ་དང་། སེམས་ལ
282a3 སྐྱོན་མེད་པར་རྗེས་སུ་དྲན་པར་བྱའོ། ། རིམ་པ་གསུམ་དང་བཞི་སྒྲིལ་དུ་བསྡུས་ཏེ་གྲངས་བདུན་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཆོས་རྗེས་སུ་དྲན་པར་བྱ་བ་དང་། འཕགས་པའི་ནོར་བདུན་མངོན
282a4 པར་བསྒྲུབ་པར་བྱའོ། ། མར་རྩེ་གཏོགས་པར་བརྒྱད་ཏུ་བསྟན་པ་ནི་ལམ་ཡན་ལག་བརྒྱད་པ་རྗེས་སུ་བསྟན་པར་བྱ་བ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པར་བྱ་བ་དང་། མི་ཁོམ་པ་བརྒྱད་ཡོངས་སུ་བསལ་བའི་ཕྱིར་རྣམ
282a5 པ་བརྒྱད་བསྟན་པ་ཡིན་ནོ། ། བར་སིལ་གྱི་དོན་མདོར་བསྟན་པ་དེ་ལྟ་བུ་ཡིན་པས་ཁྱེད་ཀྱིས་ལེགས་པར་ཡོངས་སུ་བཟུང་བར་བྱའོ།། བཅོམ་ལྡན་འདས་པ་འོད་སྲུང་གིས་གསལ་པ། བཅོམ་ལྡན་འདས་འཕགས་པའི་གསུང
282a6 རབལ་ཇི་སྐད་བསྟན་པ་བཞིན་དུ་འཚལ་ལོ་ཞེས་གསོལ་ཏོ། ། དེ་ནས་འོད་སྲུང་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀུན་མཚུངས
282a7 པ་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཅིག་ཁར་བ་མཚུངས་ཀྱང་སྤྱོད་པ་མི་མཚུངས་པས་ཁ་ཅིག་གི་ཚེ་ན་ནི་བཞི་སྒྲིལ་དུ་བྱའོ།། ཁ་ཅིག་གི་ཚེ་ན་ནི་གཉིས་སྒྲིལ་དུ་བྱས་སྟེ། སིལ་སྦྲུལ་གྱི་གྲངས་ལ་ནི་བྱེ
282a8 ཟག་གྱུར་བ་མེད་དོ། ། དེ་ནི་དང་འདིར་བའི་སྤེལ་ས་བ་སྦྲེལ་བཅུ་གཉིས་ས་བྱས་པའི་བསྟན་པ་དེ་སྤྱོད་དོ།། གཉིས་སྒྲིལ་དུ་བྱས་པ་ནི་དེ་བཞིན་གཤེགས་པ་འོད་སྲུང་གིས་རྣམ་པར་གཞག་པ་ཡིན་ཏེ། སེམས་ཅན་རྣམས་པ




iiif viewer powered by OpenSeadragon

281b - 282b

Texts on this page

Q1001 - 'phags pa 'khar gsil gyi mdo