e-texts navigator
Collection
Volume
Page
Wylie

280b1 པར་འགྱུར་བའི་ཕྱིར་ལེན་པར་བྱེད་པ་ཞེས་བྱའོ། ། བ་སིལ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པར་འགྱུར་བ་ཡིན་ཏེ། གང་ཁར་སེལ་འཛིན་པ་དག་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྐད་མངོན་པར་གྲུབ་པ་དང་། ཇི་ལྟར་བསྟེན་པ་བསྒྲུབས་པས
280b2 མཉམས་པར་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་མངོན་པར་འགྲུབ་པར་འགྱུར་བ་ཞེས་བྱའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁར་སིལ་ཞེས་བྱ་བའི་ཡི་གེའི་དོན་རྒྱ་ཆེ་ཞིང་མང་བས་ཡོངས་སུ་རྫོགས་པར
280b3 བརྗོད་མི་ནུས་ཀྱང་ཁྱེད་ཀྱིས་རེ་ཤིག་དེ་བཞིན་དུ་ཡོངས་སུ་གཟུང་བར་བྱའོ། ། བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པར་སིལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུ་ལགས་ན། ཅིའི་སླད་དུ་ཡེ་ཤེས
280b4 ཀྱི། བར་སིལ་ཞེས་བགྱི་བ་ནས་དྲན་པ་ཉེ་བར་གཞག་པའི་དོན་གྱི་སྤྱོད་པ་ཞེས་བགྱི་བའི་བར་གྱི་དོན་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བཀས་པཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁར་སིལ་ཞེས་བྱ་བ་ནི་ཡེ
280b5 ཤེས་ཀྱི་སྤྱོད་པ་སྒྲུབ་པ་དང་། མང་དུ་ཐོས་པ་རྒྱ་ཆེར་སྒྲུབ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རབ་དང་། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག
280b6 བམེད་པ་རྣམ་པར་ཐོགས་པ་མེད་པར་ཁོང་དུ་ཆུད་ཅིང་ཤེས་རབ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་ཁར་བ་ཞེས་ཀྱང་བྱའོ། ། ཚུལ་ཁྲིམས་དམ་པོར་སྲུང་བ་དང་། བཟོད་པ་དང་བསམ་གཏན་ལ་སེམས་རྩེ་གཅིག་ཏུ
280b7 གཡང་བ་མེད་པར་སྒོམ་པ་དང་། རྟག་ཏུ་བསོད་ནམས་ཀྱི་ལས་བསྒྲུབས་པས་མགོ་འམཐོང་ལ་མེ་འབར་བ་བཞིན་དུ་སྐད་ཅིག་ཙམ་དུ་ཡང་མི་གཏོང་བའི་ཕྱིར་ཡོན་ཏན་གྱི་བར་བ་ཞེས་བྱའོ།། ཁར་སིལ་འདི་ཡོངས་སུ་འདི་འཛིན་པ
280b8 གང་ཡིན་པ་དེ་དག་ནི་གང་གི་སྤྱོད་པ་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ། བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་ཚད་མེད་པ་བཞི་པོ་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་དང་།




iiif viewer powered by OpenSeadragon

280a - 281a

Texts on this page

Q1001 - 'phags pa 'khar gsil gyi mdo