e-texts navigator
Collection
Volume
Page
Wylie

267b1 རིས་མཆི།། ལྷ་ལ་ཐུགས་རྩེ་ཉེར་བཟུང་ནས།། སྟོན་པས་དེ་ལ་ལུང་བསྟན་པ།། སྐྱེ་བོ་མཐོ་རིས་གང་འགྲོ་བ།། ལྷ་ཁྱོད་ང་ལ་རབ་ཏུ་ཉོན།། སྲོག་གཅོད་པ་ལས་ཕྱིར་ལྡོག་ཅིང་།། ཁྲིམས་བཟུང་ཡང་དག་སྡོམ་ལ་དགའ།། གང་དག
267b2 འབྱུང་པོ་མི་འཚེ་བ། ། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གང་དག་མ་བྱིན་ལེན་སྤོང་ཞིང་།། སྦྱིན་པ་གཏོང་ལ་རྟག་དགའ་སྟེ།། རྐུ་བ་སྤོང་ཞིང་མི་རྐུ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གཞན་གྱི་ཆུང་མའི་ཐད་མི་འགྲོ།། ལོག་པར
267b3 གཞིམ་པ་རྣམ་པར་སྤོང་། ། བདག་གིས་ཆུང་མས་ཆོག་སེམས་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གཞན་གྱི་དོན་ལ་རྐུ་བྱ་དང་།། བདག་གི་ཕྱིར་དང་འཇིགས་པའི་ཕྱིར།། བརྫུན་གྱི་ཚིག་རྣམས་མི་སྨྲ་བ།། སྐྱེ་བོ་དེ་དག་མན
267b4 རིས་འགྲོ། ། གྲོགས་པོ་རྟག་པར་འབྱེད་བྱེད་པ།། ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང་།། གང་དག་འདུན་པར་རབ་དགའ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། རྒྱགས་ལ་སྟེན་ཅིང་ཞི་གཅོད་པ།། ཚིག་རྩུབ་དག་ནི་རྣམ་སྤོང་ཞིང་།།
267b5 འཇམ་པོ་ཚིག་ཏུ་གང་སྨྲ་བ།། སྐྱེ་བ་དེ་དག་མཐོ་རིས་འགྲོ།། དོན་མེད་གནས་དང་ལྡན་པ་ཡི།། ཀྱལ་བའི་ཚིག་རྣམས་རབ་སྤོང་ཞིང་།། གང་ཡང་དུས་སུ་ཆོས་སྨྲ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གྲོང་ངམ་འོན་ཏེ་དགོན་པ་ན།།
267b6 གཞན་གྱིས་བདག་གིར་བྱས་པ་ལ།། དེ་ལ་ཆགས་སེམས་གང་མེད་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྱམས་པའི་སེམས་ཀྱིས་མི་འཚོ་ཞིང་།། གནོད་པར་སེམས་པ་མེད་པ་ཡིས།། སྐྱེ་བོ་ཀུན་ལ་མི་གནོད་པ།། སྐྱེ་བོ་དེ་དག
267b7 མཐོ་རིས་འགྲོ། ། ལས་དང་ལས་ཀྱི་རྣམ་སྨིན་དང་།། གཉི་ག་ལ་ཡང་གང་དང་ཅིང་།། ཡང་དག་ལྟ་བ་ཡང་དག་འཛིན།། སྐྱེ་བོ་དེ་དག་མཐོ་རིས་འགོ།། དགེ་བའི་ཆོས་རྣམས་འདི་དག་ནི།། དཀར་པོ་ཆོས་ཀྱི་ལམ་བཅུ་སྟེ།
267b8 གང་དག་ཡང་དག་འཛིན་འགྱུར་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྲམ་ཟེ་མྱ་ངན་འདས་པ་དང་།། དགྲ་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཆགས་མེད་རྒལ་བ་ནི།། མང་པོ་ཡོད་པར་མ་མཐོང་ངོ་།། བཅོམ




iiif viewer powered by OpenSeadragon

267a - 268a

Texts on this page

Q996 - lha'i mdo nyung ngu