e-texts navigator
Collection
Volume
Page
Wylie

265a1 རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་ཁྱིམ་པར་མཆིས་ལ་སྦྱིན་པ་དག་སྩལ་བསོད་ནམས་དག
265a2 བཞི་ཞིང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བགྲང་བཀྱེ་ཞིང་། ཆོས་གོས་དང་བསོད་སྙོམས་དང་གཟིམས་ཆ་དང་སུན་གྱི་གསོམ་སྨན་དང་ཡོ་བྱད་རྣམས་ཀྱང་བསྒྲུབ་པར་བགྱིའོ།། བཅོམ་ལྡན་འདས
265a3 ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་ལ
265a4 བརྒྱར་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ནམས་ཀྱིས་བསྙེན་བཀུར་བྱེད་ན་དགའ་བོ་དེ་ནི་རབ་ཏུ་བྱུང་བར་ངེས་པར་འབྱུང་བའི་སེམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་བོད་དོ།།
265a5 དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤིན་དུ་རྙེད་དཀའ་སྟེ།། དགའ་བོ་སྟོན་པ་མངོན་གྱུར་པ།། དལ་མི་མཉེས་མ་བྱེད་ཅིག། དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ། དེ་ན་རུ་སྦལ་ཞང་བ་གཅིག་ཀྱང་ཡོད་དེ་ན
265a6 གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ་རུ་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་གདེར་མགྲིན་པ་ཆུང་བར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་བུག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྨུག་པར་བྱེད་པ་ན
265a7 དགའ་བོ་རྒྱལ་གྱེན་ཞིག་གིས་རུ་སུལ་ཞར་བ་དེའི་མགྲིན་པ་མཉའ་ཤིང་གི་བུག་དེར་འཇུག་པར་འགྱུར་གྱི་དགའ་བོ་མོ་ཉིད་ཐོབ་པ་ནི་མ་ཡིན་ནོ། ། དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ།། དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་དུ་རྙེད་པར
265a8 དཀ་བ་དང་དེ་བཞིན་དུ་དལ་བ་ཕྲན་བུས་ཚོགས་པ་ཡང་རྙེད་ན། ། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། ལ་བཤིན་དུ་རྙེད་དཀའ་བྱེད།། དགའ་བོ་སྟོན་པ་མངོན་གྱུར་ན།། དལ་མི་ཉེས་ས་བྱེད་ཅིག། དཔེར་ན་འགའ་ཞིག་གིས་ཁབ་ཀྱི




iiif viewer powered by OpenSeadragon

264b - 265b

Texts on this page

Q994 - dga' bo rab tu byung ba'i mdo