e-texts navigator
Collection
Volume
Page
Wylie

264a1 xxx། xxx
264a2 རྣམས་པ་ཡིན། ས་པ་པ་ཇིག་པར་བྱེད་པན།། ཀླུབ་དང་། གཔ་དང་། ནཔ་དང་། ཆེ་བ་མ་ལ་ཤི།། ང་པ་ཐ་ཛུམས་པཡིན་།། སངས་ལན་མ་བྱིང་བ་རྣམས་ཀྱིད་བནན།
264a3 བ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ།། གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ།། ཐེ་ཚོམས་རྣམས་དང་ཉོན་མོངས་པའི་དྲི་མ་བསྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ།། གཤིས་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན།
264a4 ནོ།། སྡུག་པ་དང་བྲལ་བ་ཟད་པར་བྱེད་པ་ཡིན་ནོ།། འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་མི་འཇིགས་པའི་འགྲམ་ཡིན་ནོ།། འདོད་པའི་ཁམས་ལས་རྒལ་བར་བྱེད་པ་ཡིན་ནོ།། གཟུགས་ཀྱི་ཁམས་ལས་ཡང་དག་པར།
264a5 རྒལ་བར་བྱེད་པ་ཡིན་ནོ།། གཟུགས་མེད་པའི་ཁམས་ལས་རྣམ་པར་གལ་བར་བྱེད་པ་ཡིན་ནོ།། དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ཇིག་རྟེན་ཐམས་ཅད
264a6 མིག་ལྟ་བུ་ཡིན་ནོ། ། གཏི་མུག་གི་མུན་པའི་སྒྲོན་མ་ཡིན་ནོ།། རྒྱུད་དག་པར་བྱེད་པ་ཡིན་ནོ།། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ།། ལམ་སྦྱོར་བ་རྣམས་ལ་ལ་མ་ཀུན་དུ་སྟོན་པ་ཡིན་ནོ།། ཆོས་ཐམས་ཅད་ཀྱི
264a7 ང་ཁོ་ན་སྟོན་པ་ཡིན་ནོ། ། མདུད་པ་ཐམས་ཅད་རྣམ་པར་བྲལ་བར་བྱེད་པ་ཡིན་ནོ།། མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཡིན་ནོ།། མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ།། ལེ་ལ་ཅན་རྣམས
264a8 བཙུ། འགྲུས་ལ་ནོམ་པར་བྱེད་པ་ཡིན་ནོ།། ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ།། བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དག




iiif viewer powered by OpenSeadragon

263b - 264b

Texts on this page

Q994 - dga' bo rab tu byung ba'i mdo