e-texts navigator
Collection
Volume
Page
Wylie

263b1 སུལ་ཏོ་དགའ་བ་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ། དོད
263b2 ཆགས་དང་ཞེ་སྡང་དང་། གཏི་མུག་རབ་ཏུ་སེལ་བ་ཡིན་ནོ།། འབ་པ་དང་འཐབ་མོ་དང་འཚང་འདྲུ་བ་དང་། བརྩོད་པ་དང་འགྱེད་པ་དང་། སྒྲ་དང་གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འབྲུ་བ་ཡིན་ནོ། ཏོག་ཐམས་ཅད་ཀྱིས
263b3 གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། ། རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ།། བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ།། ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ།། སེམས་ཅན་ཐམས་ཅད་དབུགས
263b4 འབྱིན་པ་ཡིན་ནོ། ། འབྱུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ།། སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ནོ།། སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ།། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ།། ཀུན་དུ
263b5 ཚོལ་བས་ཕོ་ངས་པ་དང་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ཀྱིས་བསྟིས་ཡིན་ནོ། ། སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཡིན་ནོ།། མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ།། །
263b6 ཐར་པར་འགྲོ་བ་རྣམས་ཀྱི་ལ་མ་ཡིན་ནོ།། སེམས་ཅན་དག་པ་རྣམས་ཀྱིས་བསྙེན་པར་བྱ་བ་ཡིན་ནོ།། སྣོད་དུ་གྱུར་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ།། ངན་སོང་གི་སྒོ་གཅོད་པ་ཡིན་ནོ།། མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ།།
263b7 ལྷའི་འགྲོ་བ་རྣམས་ཀུན་དུ་འགེངས་པ་ཡིན་ནོ།། སྡུག་བསྔལ་ཐམས་ཅད་ཀུན་དུ་གཅོད་པ་ཡིན་ནོ།། སྲེད་པའི་བཅིད་པས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ཡང་དག་པའི
263b8 ལྟ་བའི་ཁྱིམ་ཡིན་ནོ། ། ཐར་པའི་ཡང་དག་པར་སྡོམ་པ་ཡིན་ནོ།། མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ།། རྒྱུན་ཉེ་བར་གཅོད་པ་ཡིན་ནོ།། ཉོན་མོངས་པ་རྣམས་སྲེག་པ་ཡིན་ནོ།། ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ།། ལྟ་བ་ངན་པའི་དྲ་བ




iiif viewer powered by OpenSeadragon

263a - 264a

Texts on this page

Q994 - dga' bo rab tu byung ba'i mdo